རིམ་ཅན་ཁོ་ནར་སྐྱེ་བ།
མཐོང་རིས་
ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་འདི་དག་རིམ་ཅན་དུ་སྐྱེ་བ་དང་། གཅིག་ཆར་དུ་སྐྱེ་བ་སོགས་བཞེད་ཚུལ་འགའ་ཡོད་ཀྱང་། བྱེ་བྲག་སྨྲ་བས། ར་ཟམ་པར་འགྲོ་བར་ལྟར་བར་རིམ་ཅན་ཁོ་ནར་སྐྱེ་བ་ལས། གཅིག་ཅར་དུ་སྐྱེ་བར་མི་འདོད་དེ། དང་པོར་འདོད་ཁམས་ཀྱི་སྡུག་བསྔལ་ཆོས་བཟོད་སྐྱེ། དེ་ནས་དེའི་སྡུག་བསྔལ་ཆོས་ཤེས་སྐྱེ། དེ་ནས་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་རྗེས་བཟོད་སྐྱེ། དེ་ནས་དེ་གཉིས་ཀྱི་སྡུག་བསྔལ་རྗེས་ཤེས་སྟེ་སྐད་ཅིག་མ་བཞི་དང་ བདེན་པ་ལྷག་མ་གསུམ་ལའང་དེ་བཞིན་དུ་སྦྱར་ནས་རིམ་པར་སྐྱེ་བར་འདོད་དོ། །དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།