རིན་པོ་ཆེ་སྟག་ཤ་དེ་ཝ།
མཐོང་རིས་
བལ་བཟའ་ཁྲི་བཙུན་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་བྱོན་སྐབས་ཡབ་རྒྱལ་པོས་ནོར་སྐལ་དུ་གནང་བའི་ནོར་བུའི་རིགས་ཤིག་སྟེ། རྗེས་སུ་ལྷ་ས་གཙུག་ལག་ཁང་བཞེངས་སྐབས་སྦྲུལ་གྱི་པགས་པས་གཏུམས་ནས་གཙུག་ལག་ཁང་གི་སྒོ་འགྲམ་ཀླུ་ཁང་ནང་དུ་སྦས་ཞེས་ལོ་རྒྱུས་ཕལ་ཆེ་བའི་ནང་གསལ།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།