Jump to content

རིང་བསྲེལ་།

ཡོང་ཁུངས་Wikipedia

སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་ཚུལ་ལ། མི་ཤི་བའི་ཕུང་པོའི་ཤ་རུས་ལས་རིང་བསྲེལ་བྱུང་བ་ནི། མི་དེ་བྱང་ཆུབ་སེམས་པའམ། དགེ་སློང་ཆུལ་ཁྲིམས་གཙང་མ། སྟོང་ཉིད་རྟོགས་པའི་གང་ཟག སྔགས་ཀྱི་ལམ་ལ་ཞུགས་ནས་གནས་ཚད་མཐོན་པོར་སླེབས་པ་སོགས་ཡིན་ན་དེའི་ཕུང་པོ་ལས་རིང་བསྲེལ་བྱུང་བ་ཡོད་ཅིང་། དེ་ལ་མདོག་དཀར་པོ་དང། ནག་པོ། དཀར་དམར། ལི་ཁྲི་སྣ་ཚོགས་ཡོད་པ་དང་། སྐྱེ་བོ་ཕལ་པ་དང་སྡིག་ཅན་ལ་རིང་བསྲེལ་མི་འབྱུང་ཞེས་བཤད། ས་སྐྱ་པཎ་ཆེན་གྱི་མཛད་པའི《སྡོམ་གསུམ་རབ་དབྱེ》ནང་རིང་བསྲེལ་སྐོར་ལ་དོགས་དཔྱོད་དང་དཔྱད་གཏམ་མང་པོ་མཛད་འདུག་པས་གཟིགས་པར་འདོད་ན་དེར་གཟིགས།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།