རིགས་སྤྱི་དང་ཚོགས་སྤྱིའི་མུ་བཞི།
མཐོང་རིས་
ཤེས་བྱ་དེ་རིགས་སྤྱི་ཡིན་ལ་ཚོགས་སྤྱི་མ་ཡིན་པའི་མུ། ཀ་བུམ་གཉིས་ཚོགས་སྤྱི་ཡིན་ལ་རིགས་སྤྱི་མ་ཡིན་པའི་མུ། གཟུགས་དེ་རིགས་སྤྱི་དང་ཚོགས་སྤྱི་གཉིས་ཀ་ཡིན་པའི་མུ། དངོས་པོའི་ལྡོག་པ་དེ་རིགས་སྤྱི་དང་ཚོགས་སྤྱི་གཉིས་ཀ་གང་ཡང་མ་ཡིན་པའི་མུའོ། །དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།