Jump to content

རིགས་ལྡན་ཉེར་ལྔ།

ཡོང་ཁུངས་Wikipedia

ཤྰཀྱ་མུ་ནེས་དུས་འཁོར་རྩ་རྒྱུད་ཐོག་མར་གསུང་སྐབས་ཞུ་བ་པོ་ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོ་ཡིན་ལ། དེས་དུས་འཁོར་རྩ་རྒྱུད་ཀྱི་འགྲེལ་པ་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་པ་མཛད། རྩ་རྒྱུད་གསུངས་པའི་ལོ་རྗེས་མ་དེར་རྒྱལ་པོ་རང་ཉིད་ཀྱིས་ཕོ་བྲང་དེའི་ལྷོ་ཕྱོགས་མ་ལ་ཡའི་སྐྱེད་མོས་ཚལ་ཆེན་པོའི་དབུས་དུས་འཁོར་གྱི་བློས་བསླངས་བཞེངས་ནས་འདས། དེའི་རྗེས་སུ་རྒྱལ་པོ་ཟླ་བ། ལྷ་དབང་། གཟི་བརྗིད་ཅན། ཟླ་བའི་བྱིན་དང་། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷའི་དབང་ལྡན་རྣམས་ཀྱིས་ཆོས་བསྟན་ནས་རྒྱལ་པོ་མཛད་པས་དེ་རྣམས་ལ་སྔོན་གྱི་ཆོས་རྒྱལ་བདུན་ཞེས་བྱ་ཞིང་། སྔོན་གྱི་ཆོས་རྒྱལ་བདུན་གྱི་ཐ་མ་ལྷའི་དབང་ལྡན་དང་བཙུན་མོ་སྣ་ཚོགས་ཡུམ་གྱི་སྲས་སུ། ༡.རིག་ལྡན་རྒྱལ་པོའི་ཐོག་མ་འཇལ་དཔལ་གྲགས་པ་འཁྲུངས། དྲང་སྲོང་ཉི་མའི་ཤིང་རྟ་སོགས་ལ་དུས་འཁོརགྱི་དབང་བསྐུར་ཞིང་། ལོ་བརྒྱར་ཆོས་བསྟན། དེ་ནས། ༢.རིགས་ལྡན་པད་མ་དཀར་པོས་འགྲེལ་ཆེན་དྲི་མེད་འོད་བརྩམས་ཤིང་ལོ་བརྒྱར་ཆོས་བསྟན། དེ་ནས་རིམ་བཞིན། ༣.བཟང་པོ། ༤.རྣམ་རྒྱལ། ༥.བཤེས་གཉེན་བཟང་པོ། ༦.ཕྱག་དམར་རམ་རིན་ཆེན་ཕྱག ༧.ཁྱབ་འཇུག་སྦས་པ། ༨.ཉི་མ་གྲགས། ༩.ཤིན་ཏུ་བཟང་། ༡༠.རྒྱ་མཚོ་རྣམ་རྒྱལ། ༡༡.རྒྱལ་དཀའ། ༡༢.ཉི་མ། ༡༣.སྣ་ཚོགས་གཟུགས། ༡༤.ཟླ་བའི་འོད། ༡༥.མཐའ་ཡས། ༡༦.ས་སྐྱོང་། ༡༧.དཔལ་སྐྱོང་། ༡༨.སེང་གེ ༡༩.རྣམ་པར་གནོན། ༢༠.སྟོབས་པོ་ཆེ། ༢༡.མ་འགགས་པ(ད་ལྟ་མ་འགགས་པ་རྒྱལ་སར་འཁོར་ནས་ལོ་སུམ་ཅུ་སོ་བདུན་སོང་ཟེར) ༢༢.མི་ཡི་སེང་གེ། ༢༣.དབང་ཕྱུག་ཆེན་པོ། ༢༤.མཐའ་ཡས་རྣམ་རྒྱལ། ༢༥.དྲག་པོ་འཁོར་ལོ་ཅན་སྟེ་རིགས་ལྡན་ཉེར་ལྔའོ། །རྒྱས་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི《བེེཌཱུརྱ་དཀར་པོ》དང་《གཡའ་སེལ》ཀློང་རྡོལ་བླ་མའི་གསུང་འབུམ་གྱི་ལེ་ཚན[ཅ]པའི་ནང་དུ་གསལ།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།