རིགས་མཉམ་པ།
མཐོང་རིས་
དེ་སྔོན་བོད་དུ་སྤྱི་ཚོགས་རྙིང་པའི་སྐབས་བུ་དང་བུ་མོའི་གཉེན་སྒྲིག་གི་དབང་ཆ་ནི་ཕ་མའི་ལག་ཏུ་ཡོད་པ་མ་ཟད། བུ་དང་བུ་མོ་ཕན་ཚུན་གྱི་ཁྱིམ་ཚང་སོ་སོའི་རིགས་རྒྱུད་མཐོ་དམན་འདྲ་མཉམ་ཞིག་དགོས་པ་ལས། འབངས་མི་དཔོན་གྱི་མནའ་མར་བླངས་པའམ། ལྐོག་ཏུ་དཔོན་དང་ལུས་འབྲེལ་བྱས་ཏེ་བུ་ཚས་འབྲེལ་ན་འབངས་མིས་དཔོན་གྱི་གོ་གནས་དང་དཔལ་འབྱོར་འཕྲོག་པའི་ཉེན་ཁ་ཡོང་དུ་དོགས་པས་རིགས་མི་མཉམ་པ་ལས་ཆུང་མ་བླངས་པ་ནི་ལུགས་དང་མི་མཐུན་པ་ཞིག་ཏུ་རྩིས་སྲོལ་ཡོད།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།