རིགས་པས་དཔྱད་བཟོད་དུ་གྲུབ་པ།
མཐོང་རིས་
རིགས་པ་ཡང་དག་པས་དཔྱད་ནས་དོན་དམ་པར་གྲུབ་པའམ། བདེན་པར་གྲུབ་པ་ཞིག་རྙེད་རྒྱུ་བྱུང་ན། རིགས་པས་དཔྱད་བཟོད་དུ་གྲུབ་པ་ཟེར་ཞིང་། དེ་ལྟ་བུ་གཏན་ནས་མི་སྲིད་པས། རིགས་པས་དཔྱད་བཟོད་དུ་གྲུབ་པ་དབུ་མ་པས་ཁས་མི་ལེན་པ་ཡིན། མདོ་སྡེ་པ་དང་། བྱེ་བྲག་སྨྲ་བ་རྣམས་ཀྱིས་དེ་ལྟར་ཡོད་པར་ཁས་ལེན་པ་ཡིན།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།