Jump to content

རིགས་གཉིས་པ།

ཡོང་ཁུངས་Wikipedia

(ཁྱེའུ་རིགས་གཉིས་པ)སྔར་རྒྱ་གར་དུ་སངས་རྒྱས་སྐུ་བཞུགས་སྐབས་ལུང་པའི་ཕུར་ཡོད་པའི་མི་ཚང་ཞིག་གི་བུ་ཨ་མ་ཞིང་ལས་བྱེད་པའི་ཤུལ་ལ་ཆུའི་ནང་དུ་ལྷུང་བ་ཉ་ཞིག་གིས་མིད་པ་ལས་མ་ཤི་བར་ཉའི་ཁོག་པའི་ནང་གསོན་པོར་གནས། ཐེངས་ཤིག་ལུང་པའི་མདར་བསྡད་པའི་ཉ་པ་བུ་མེད་པ་ཞིག་གིས་ཉ་བཟུང་སྐབས་ཉ་དེ་དྲ་བའི་ནང་དུ་ཐེབས་ནས་ཁོག་པ་བཤགས་པ་དང་ཕྲུ་གུ་དེ་ཐོན་ནས་དགའ་དྲགས་ཏེ་རང་གི་བུ་ལ་རྩིས་ནས་གསོས། དེའི་གནས་ཚུལ་ལུང་པའི་ཕུ་ལ་ཡོད་པའི་ཞིང་པ་བུད་མེད་དེས་གོ་ནས་ཁོ་གཉིས་རྩོད་གླེང་བྱུང་བ་གཉིས་ཀ་རྒྱལ་པོའི་དྲུང་དུ་སོང་ནས་ཞུ་གཏུགས་བྱས་སྐབས། རྒྱལ་པོས་ཕྱོགས་གཉིས་ཀ་ལ་བདེན་པ་ཡོད་པས་གནས་སྐབས་ཁྱིམ་ཚང་གཉིས་ཀས་བུ་དེ་གསོ་རྒྱུ་དང་། རྗེས་སུ་ཆེན་པོ་ལོངས་སྐབས་ཕྱོགས་གཉིས་ཀས་བུ་དེ་ལ་མནའ་མ་རེ་བླངས་ཏེ་མནའ་མ་དེ་གཉིས་ལ་སྐྱེས་པའི་བུ་དང་བུ་མོ་ཕྱོགས་སོ་སོས་བདག་པོ་རྒྱག་རྒྱུར་ཐག་བཅད་པ་དེ་ཡིན། ལོ་རྒྱུས་ཞིབ་པ་བཀའ་འགྱུར《འདུལ་བ་ལུང་གི་གླེང་གཞི》ནང་གསལ།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།