རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་
མཐོང་རིས་
རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ ཞེས་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སུ་སློབ་མ་རྣམས་ལ་འབོད་པའི་གུས་པའི་ཐ་སྙད་ཅིག་ཡིན། །
གོ་དོན།
[རྩོམ་སྒྲིག]རིགས་ཀྱི་བུ་དང་བུ་མོ་ཞེས་པ་ནི་ཐེག་ཆེན་གྱི་རིགས་དང་ལྡན་པའི་དོན་ནོ། །[༡]
བེད་སྤྱོད།
[རྩོམ་སྒྲིག]མདོ་སྡེའི་སྐབས་སུ། ཤེར་ཕྱིན་གྱི་མདོ་སྡེ་རྣམས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཤཱ་རིའི་བུ་ལ་ལན་གསུང་སྐབས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་ཞེས་གསུངས་པར་གསལ། །[༢] དགོས་པ། བུ་དང་བུ་མོ་གཉིས་སྨོས་པའི་དགོས་པ་ནི་ལམ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་སྐྱེས་པ་དང་བུད་མེད་ཀྱི་རྟེན་ཁོ་ན་ལ་སྐྱེ་ཞིང་ཟ་མ་དང་མ་ནིང་སོགས་ཀྱི་རྟེན་ལ་མི་སྐྱེ་བས་དེ་དག་ལས་དགར་བའི་ཆེད་དུའོ། །[༣]