Jump to content

རིག་འཛིན་ལྷ་ཁང་།

ཡོང་ཁུངས་Wikipedia

འདིའི་ནང་གསང་སྔགས་རྙིང་མའི་བླ་བརྒྱུད་རིག་འཛིན་བརྒྱད་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྲུལ་པའི་རྣམ་འགྱུར་མི་འདྲ་བ་གུ་རུ་མཚན་བརྒྱད་བཅས་ཀྱི་སྐུ་བརྙན་བཞུགས་པའི་ལྷ་ཁང་ཡིན། དབུས་སུ་སློབ་དཔོན་པད་མ་འབྱུང་གནས་དང་། དེའི་གཡས་གཡོན་དུ་ལྷ་ལྕམ་མན་དྷ་ར་བ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཡས་ཀྱི་གྲལ་མགོ་ནས་རིམ་བཞིན་རིག་འཛིན་བརྒྱད་ཀྱི་སྐུ(གོང་དུ་རིག་འཛིན་བརྒྱད་ཅེས་པར་གསལ)དང་། གཡོན་ངོས་ནས་རིམ་བཞིན་གུ་རུ་མཚན་བརྒྱད་ཀྱི་སྐུ་སྟེ། ༡.གུ་རུ་པདྨ་འབྱུང་གནས། ༢.གུ་རུ་པདྨ་སམ་བྷ་བ། ༣.གུ་རུ་བློ་ལྡན་མཆོག་སྲིད། ༤.གུ་རུ་པདྨ་རྒྱལ་པོ། ༥.གུ་རུ་ཉི་མ་འོད་ཟེར། ༦.གུ་རུ་ཤཀྱ་སེང་གེ ༧.གུ་རུ་སེང་གེ་སྒྲ་སྒྲོག ༨.གུ་རུ་རྡོ་རྗེ་གྲོ་ལོད་བཅས་ཀྱི་སྐུ་ཡོད།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།