རིག་པ་ནང་དུ་མ་འཛིན།
མཐོང་རིས་
འདི་ཡང་བཀའ་བརྒྱུད་ཀྱི་བླ་མ་གོང་མ་ཚོའི་གསུང་རྒྱུན་ལ་ཡོད་པ་སྟེ། གོ་དོན་ནི། སེམས་པ་རྣམ་རྟོག་བཟང་ངན་བར་གསུམ་གང་ཤར་བ་དེ་རང་དུ་གློད་ནས་འཇོག་པ་མ་གཏོགས་དམིགས་རྟེན་གཅིག་གི་ཐོག་ཏུ་བཙན་ཐབས་ཀྱིས་བཟུང་བའི་དམ་འཛིན་མ་བྱེད་ཅེས་པའི་དོན་ཡིན།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།