Jump to content

རིག་པ་ཅན་པ།

ཡོང་ཁུངས་Wikipedia

སྔར་རྒྱ་གར་གྱི་མུ་སྟེགས་པའི་གྲུབ་མཐའ་སྨྲ་བ་ཞིག ཐ་སྙད་དེ་ལྟར་བྱས་དོན་ཡང་དྲང་སྲོང་རྐང་མིག་གིས་བྱས་པའི《རིག་པའི་ལྟ་བའི》རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་ན་རིག་པ་ཅན་ཞེས་དང་། མིང་གི་རྣམ་གྲངས་ལ་རྐང་མིག་པ་ཡང་ཟེར་རོ། །དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།
དེ་ཡང་བྱེད་བྲག་པ་དང་རིག་པ་ཅན་པ་གཉིས་ནི་རིམ་བཞི་དྲང་སྲོང་གཟེགས་ཅན་དང་། བྲམ་ཟེ་རྐང་མིག་གི་རྗེས་སུ་འབྲང་བ་སྟེ། འདི་གཉིས་ལ་ནང་གསེས་ཀྱི་འདོད་པའི་ཁྱད་པར་མི་མཐུན་པ་ཅུ་ཟད་ཡོད་ཀྱང་གྲུབ་པའི་མཐའ་སྤྱི་ལ་མི་འདྲ་བ་མེད་དོ། །དེ་ཡང་བྱེད་རིག་གཉིས་ཀྱིས་ཤེས་བྱ་ཐམས་ཅད་ལ་རྫས་དགུར་འདུས་པར་འདོད་ལ། ཁྲུས་དང་། དབང་བསྐུར་བ་དང་། སྨྱུང་གནས་དང་། མཆོད་སྦྱིན་དང་། སྦྱིན་སྲེག་ལ་སོགས་པ་ཐར་ལམ་དུ་ཁས་ལེན་ཞིང་། ནམ་ཞིག་བླ་མའི་མན་ངག་ལས་རྣལ་འབྱོུར་བསྒོམས་ཏེ་བདག་དབང་སོགས་རྣམས་ལས་དོན་གཞན་དུཤེས་ནས་དེ་ཁོ་ན་ཉིད་མཐོང་ཞིང་ཚིག་གི་དོབ་དྲུག་གི་དོན་རང་བཞི་ཁོང་དུ་ཆུད་པ་ན། བདག་ནི་ཁྱད་པར་རང་བཞིབ་ཡིན་ཡང་བྱེད་པ་མེད་པར་ཤེས་ཏེ། ཆོས་དང་ཆོས་མ་ཡིན་པའི་ལས་གང་ཡང་གསོག་པར་མི་བྱེད། ལས་གསར་པ་མ་བསགས་ཤིངརྙིང་པ་ཟད་པས་སླར་བླངས་པའི་ལུས་དང་། དབང་པོ་དང་། བློ་དང་། བདེ་སྡུག འདོད་ལྡང་སོགས་བདག་དང་བྲལ་ཞིང་ཟད་པའི་མེ་བཞིན་དུ་སྐྱེ་བའི་རྒྱུན་ཆད་དེ་བདག་འབའ་ཞིག་ཏུ་གྱུར་པ་ན་ཐར་པ་ཐོབ་པ་ཡིན་ཞེས་ཟེར་རོ།