རི་མ་ལ་ཡ།
མཐོང་རིས་
རྒྱ་གར་ལྷོ་ཕྱོགས་ཀྱི་མཐའ་སྣེར་ཡོད་པའི་རི་ཞིག་གི་མིང་། 《ཐང་ཟན་ཙང་གི་ལམ་ཡིག》ལས། རྒྱ་གར་གྱིས་ས་དབྱིབས་ཟླ་གམ་གཟུགས་སུ་ཡོད་པའི་རྩེ་མོ་རྣོ་ཤོས་ན་མ་རུ་ཀུ་ཐ(མ་རུ་ཀུ་ཋ)སྟེ་ཡོངས་གྲགས་སུ་ར་མེ་ཤྭ་རི་ཟེར་བ་དེར། ཙན་དན་དང་། ག་བུར་གྱི་རིགས་ཧ་ཅང་མང་པོ་སྐྱེས་པའི་རི་ཞིག་ཡོད་པ་དེའི་མིང་ལ་མ་ལ་ཡ་ཞེས་འབོད་པ་དང་རི་དེའི་རྩེ་མོར་སྤྱན་རས་གཟིགས་ཀྱི་ལྷ་ཁང་ལེགས་པོ་ཞིག་ཡོད། རི་དེའི་ལོགས་ཤིག་ནས་བརྡོལ་བའི་ཆུ་མིག་གིས་རི་དེ་ལ་ལན་ཉི་ཤུས་བསྐོར་ནས་འབབ་པའི་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོར་ཐུག་པ་ཞིག་ཡོད་པ་དངོས་སུ་གཟིགས་པར་བཤད།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།