རི་བོ་ལྟེང་རྒྱས།
མཐོང་རིས་
《འཛམ་གླིང་རྒྱས་བཤད》ལས། རི་བོ་གཱ་ཡ་དང་ཧ་ཅང་མི་རིང་བའི་སར་རི་ཞིག་ཡོད་པ་དང་། དེར་སྔོན་དུས་དྲང་སྲོང་རྣམས་ཀྱིས་ཚངས་པ་ཆེན་པོ་ལ་འདུ་འཛིས་དབེན་པའི་གནས་སློང་བ་ན་བྱིན་པར་གྲགས་ཤིང་སྟོན་པ་ཐུགས་རྗེ་ཅན་བཀའ་ཐུབ་ལས་བཞེངས་ཏེ་བསོད་སྙོམས་ཐོག་མར་བཞེས་པའི་གནས་ཡིན་པ་དང་།སྟོན་པའི་ཞབས་རྗེས་ཀྱང་ཡོད་ཅེས་ཀུན་ཏུ་རྒྱུ་དག་ལས་ཐོས། ཞེས་གསལ།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།