རི་བོ་མཆོག་རབ།
མཐོང་རིས་
སངས་རྒྱས་ཆོས་ལུགས་ཀྱི་གཞུང《མངོན་པ་མཛོད》དང《དུས་འཁོར》ནས་བཤད་པའི་རི་ཡི་རྒྱལ་པོ་རི་རབ་ལྷུན་པོ་ལ་ཟེར། 《མངོན་པ་མཛོད》ལས་རི་རྒྱལ་ལྷུན་པོ་དབྱིབས་གྲུ་བཞི་ཡིན་པར་བཤད་ཅིང་།《དུས་འཁོར་》ལས་རི་རྒྱལ་ལྷུན་པོ་དབྱིབས་ཟླུམ་པོ་ཡིན་པར་བཤད་པས་བཤད་ཚུལ་མི་འདྲ་ཞིང་དེ་ཡང་གང་ཟག་སོ་སོའི་འཆར་སྣང་མི་འདྲ་བའི་དབང་གིས་བྱུང་བར་བཤད་ཡོད། གདན་ས་གསུམ་སོགས་དགོན་པ་མང་ཆེ་བའི་སྒོ་འཕྱོར་སྡེབས་བྲིས་ཐོག《མངོན་པ་མཛོད》ནསབཤད་པའི་འཇིག་རྟན་ཆགས་ཚུལ་གྱི་བཀོད་པ་བྲིས་ཡོད་ཅིང་ནོརར་བུ་གླིང་ཁའི་ཕོ་བྲང་གསར་པའི་བར་ཁྱམས་ལྡེབས་བྲིས་ཐོག《དུས་འཁོར》ལུགས་ཀྱི་འཇིག་རྟེན་ཆགས་ཚུལ་བྲིས་ཡོད་པ་དེ་རྣམས་ལ་གཟིགས་ན་ལེགས།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།