Jump to content

རི་དབང་བསྟན་འཛིན་

ཡོང་ཁུངས་Wikipedia

རི་དབང་བསྟན་འཛིན། (༡༩༤༨-) ནི་བོད་ཀྱི་ལོ་རྒྱུས་སྨྲ་བ་པོ་དང་། ཆོས་ལུགས་ཀྱི་མི་སྣ། དེ་བཞིན་ཆབ་སྲིད་གྲོས་མོལ་གྱི་འཐུས་མི་བཅས་ཡིན། ཁོང་གིས་བོད་བྱང་ཐང་ནགས་ཤོད་འབྲི་རུ་ཁུལ་གྱི་ལོ་རྒྱུས་དང་རིག་གནས་སྐོར་གྱི་དཔྱད་གཞི་གལ་ཆེན་ 《ནགས་ཤོད་འབྲི་རུའི་ལོ་རྒྱུས་རབ་རིམ་སཱ་ལའི་ལྗོན་པ།》 ཞེས་པ་བརྩམས་གནང་ཡོད།

མི་ཚེ་ལོ་རྒྱུས།

[རྩོམ་སྒྲིག]

སྐུ་ཚེ་སྟོད་ཀྱི་ལོ་རྒྱུས་དང་སློབ་གཉེར།

[རྩོམ་སྒྲིག]

རི་དབང་བསྟན་འཛིན་ནི་སྤྱི་ལོ་ ༡༩༤༨ ལོར་ལྷ་རི་རྫོང་ཁོངས་བསངས་ཆེན་དུ་སྐུ་འཁྲུངས། དགུང་ལོ་ ༥ ནས་ ༡༣ བར་ནགས་ཤོད་འབྲི་རུ་རྫོང་གི་འགོམ་དགོན་གསར་དགོན་ཆོས་འཁོར་བྱམས་པ་གླིང་དུ་ཆོས་ཞུགས་གནང་སྟེ་ནང་བསྟན་ཆོས་ལུགས་ཀྱི་གཞུང་ལ་ཐོས་བསམ་སློབ་གཉེར་དང་འཛིན་སྐྱོང་མཛད།

རི་དབང་བསྟན་འཛིན་རིན་པོ་ཆེ།

ལས་དོན་གྱི་བརྒྱུད་རིམ།

[རྩོམ་སྒྲིག]

༡༩༥༦ ལོར་མདོ་སྨད་ཆོས་ལུགས་དོན་བྱེད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གནང་། དེའི་རྗེས་སུ་འབྲི་རུ་རྫོང་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་དང་ཆོས་ལུགས་དོན་བྱེད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གྱི་ཐུགས་འགན་བཞེས། དགུང་ལོ་ ༡༣ དུ་དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་འགོ་ཚུགས་པ་ནས་བཟུང་དགུང་ལོ་ ༢༢ བར་ཞིང་འབྲོག་གི་ལས་ཀ་དང་ལམ་བཟོ་ཨར་ལས་སོགས་གནང་། དགུང་ལོ་ ༢༢ ནས་ ༣༣ བར་ངལ་རྩོལ་སྒྱུར་བཀོད་ཀྱི་འོག་ཏུ་ཨར་ལས་དང་། ཤིང་བཟོ། ལྕགས་བཟོ། རུམ་འཐག་སོགས་ཀྱི་ལག་ཤེས་ལས་རིགས་གནང་དགོས་བྱུང་། དགུང་ལོ་ ༣༣ ཐོག་ཉེས་མེད་དག་སེལ་དཀར་འདོན་བྱུང་སྟེ། ལས་བཟོའི་མིང་ཐོབ་ཐོག་ནག་ཆུ་ཁ་གདན་བཟོ་གྲྭའི་ཚོན་བྲིས་པའི་ཕྱག་ལས་གནང་།

ཆབ་སྲིད་དང་ཆོས་ལུགས་ཀྱི་དབུ་ཁྲིད།

[རྩོམ་སྒྲིག]

དགུང་ལོ་ ༣༧ ནས་བཟུང་ཁོང་གིས་སྔ་རྗེས་སུ་གཤམ་གསལ་གྱི་ལས་གནས་ཁག་བཞེས་ཡོད། ཀྲུང་གོ་བོད་ལྗོངས་ནང་བསྟན་འཐུས་ཚོགས་ཀྱི་ལས་འཛིན་དང་རྒྱུན་ལས་ལས་འཛིན། ནག་ཆུ་ནང་བསྟན་ཆོས་ཚོགས་ཀྱི་རྒྱུན་ལས་དང་ཚོགས་གཙོ་གཞོན་པ། འབྲི་རུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ནག་ཆུ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། འགོམ་དགོན་གསར་དགོན་གྱི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ༡༩༩༥ ལོར་པེ་ཅིང་དུ་ཡོད་པའི་ ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གྲྭ་ཆེན་མོ་ ནས་སློབ་ཐོན་ལག་ཁྱེར་ཐོབ།

བརྩམས་ཆོས།

[རྩོམ་སྒྲིག]

ཁོང་གིས་ནགས་ཤོད་འབྲི་རུའི་ལོ་རྒྱུས་ཐེངས་གཉིས་ཙམ་བརྩམས་གནང་བ་དང་། དེ་མིན་ས་གནས་ཀྱི་གནས་དང་དགོན་སྡེ་ཁག་གི་ལོ་རྒྱུས་ཀྱང་ཁ་ཤས་བརྩམས་ཡོད། ཁོང་གི་བརྩམས་ཆོས་གཙོ་བོ་ནི། 《[[ནགས་ཤོད་འབྲི་རུའི་ལོ་རྒྱུས་རབ་རིམ་སཱ་ལའི་ལྗོན་པ།]]》 (༢༠༠༢ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས། ISBN 7-223-01299-4)

ད་དུང་གཟིགས།

[རྩོམ་སྒྲིག]

འབྲི་རུ་རྫོང་། ཧོར་ཚོ་སོ་དགུ།

དཔྱད་གཞིའི་ཡིག་ཆ།

[རྩོམ་སྒྲིག]

    རི་དབང་བསྟན་འཛིན། 《ནགས་ཤོད་འབྲི་རུའི་ལོ་རྒྱུས་རབ་རིམ་སཱ་ལའི་ལྗོན་པ།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༢ ལོ།