རབ་བྱུང་གི་བརྩི་སྲོལ་

ཡོང་ཁུངས་Wikipedia

དེ་ཡང་རབ་བྱུང་གི་བརྩི་སྲོལ་ནི། བོད་དུ་དུས་ནམ་ཞིག་ནས་བརྩི་མགོ་བརྩམས་པ་རེད་ཟེར་ན། དེ་ནི་སྤྱི་ལོ་ ༡༠༢༧ ལོ་སྟེ། དུས་འཁོར་རྒྱུད་འགྲེལ་རྒྱ་གར་སྐད་ནས་བོད་སྐད་དུ་ཐོག་མར་བསྒྱུར་བའི་ལོ་དེ་ ནས་བཟུང༌། ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་རབ་བྱུང་བརྩི་བའི་སྲོལ་བཏོད་པ་ཡིན། རབ་བྱུང་གཅིག་ལ་ལོ་༦༠ཡོད་ཅིང༌། དེའི་ལོ་དང་བོ་ནས་བགྲང་བྱ་གཅིག་རེ་བྱས་ནས་རྩི་བཞིན་ཡོད། ད་སྐབས་གཙོ་བོ་བོད་ཕྱི་ནང་གི་ས་ཁུལ་ཀུན་དུ་རྩི་སྲོལ་རྒྱུགས་ཆེ་བ་ཞིག་ཏུ་ གྱུར་ཡོད།