རཏྣ་དེ་ཝ།
མཐོང་རིས་
འདི་ཡང་བལ་བཟའ་ཁྲི་བཙུན་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་གདན་དྲངས་སྐབས་ཡབ་རྒྱལ་པོས་ནོར་སྐལ་དུ་གནང་བའི་ནོར་བུའི་རིགས་ཤིག་སྟེ། འཕྲུལ་སྣང་གཙུག་ལག་ཁང་བཞེངས་སྐབས་གཟིའི་སྒྲོམ་བུའི་ནང་བཅུག་ནས་གནོད་སྦྱིན་ཛམ་བྷ་ལའི་འོག་ཏུ་སྦས་ཞེས་ལོ་རྒྱུས་མང་པོར་གསལ།༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།