རང་སྣང་གཞི་མེད།
མཐོང་རིས་
གསང་སྔགས་རྙིང་མ་དང་བཀའ་བརྒྱུད་ཆོས་ལུགས་ཀྱི་ལྟ་བའི་གསུང་ཚུལ་ལ། རང་ཅག་རྣམས་མ་བརྟགས་མ་དཔྱད་པའི་ཚེ་ན་དངོས་པོ་སྣ་ཚོགས་ཀྱི་འཆར་སྣང་འབྱུང་བ་དེ་དག་དངོས་པོ་ཁོ་རང་གི་ཐོག་ནས་ཚུར་གྲུབ་པ་ལྟ་བུར་སྣང་ཡང་བརྟགས་ཤིང་དཔྱད་ན་རང་ཚུགས་ཐུབ་པའི་གཞི་རྩ་གང་ཡང་མེད་ཅེས་གསུང་སྲོལ་ཡོད། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།