Jump to content

རང་རྐྱ་འཛིན་ཐུབ་རྫས་ཡོད།

ཡོང་ཁུངས་Wikipedia

དེའི་མཚན་གཞི་ནི་ཤེས་པ་ལྟ་བུ། རང་གི་ངོ་བོ་ངེས་པ་ལ་དོན་གཞན་ཚད་མས་ངེས་པ་ལ་ལྟོས་མི་དགོས་པ་སྟེ། དཔེར་ན་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཅེས་པ་ནི་ཕུང་པོ་ལྔ་ལ་བརྟེན་མི་དགོས་པར་རང་གི་ལུས་སེམས་གཉིས་ལས་དོན་གཞན་དུ་རང་གི་ཕུང་པོ་འདི་རྣམས་ལ་དབང་བསྒྱུར་བ་པོའི་ངའམ་བདག་ཅིག་ལོགས་སུ་རང་ཚུགས་སུ་གནས་པ་ཚོང་པ་ལས་ཚོང་དཔོན་ལོགས་སུ་ཡོད་པ་ལྟ་བུའི་རྫས་ཤིག་དགོས་པ་ལས། དེ་ལྟ་བུར་མེད་པ་ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་མ་གྲུབ་པའི་རྟགས་སོ། །༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།