རང་རིག་མངོན་གསུམ།
མཐོང་རིས་
ཁ་ནང་ཁོ་ནར་ཕྱོགས་ཤིང་འཛིན་པ་ཡན་གར་བར་གྱུར་པའི་རྟོག་བྲལ་མ་འཁྲུལ་བའི་རིག་པ་རང་རིག་མངོན་སུམ་གྱི་མཚན་ཉིད། མཚན་གཞི་ནི། སྔོ་སྣང་དབང་ཤེས་ལྟ་བུ་ལ། ཡུལ་གྱི་རྣམ་པ་ཤར་བའི་ཆ་དང་། མྱོང་ཙམ་གྱི་ཆ་དང་གཉིས་ཡོད་པའི་དང་པོ་གཟུང་རྣམ་དང་། གཉིས་པ་ནི་རང་རིག་མངོན་སུམ་ཡིན། དེ་ལ་དབྱེ་ན། རང་རིག་མངོན་སུམ་དུ་གྱུར་པའི་ཚད་མ། དཔྱད་ཤེས། སྣང་ལ་མ་ངེས་པའི་བློ་དང་གསུམ་ཡོད།༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།