Jump to content

རང་མཚན།

ཡོང་ཁུངས་Wikipedia

མདོ་སྡེ་པའི་ལུགས་ལྟར་ན། རྟོག་པས་བཏགས་ཙམ་མ་ཡིན་པར་ཡུལ་རང་ངོས་ནས་གྲུབ་པའི་དངོས་པོ་དེ་རང་མཚན་གྱི་མཚན་ཉིད། ཡུལ་དུས་རང་བཞིན་མ་འདྲེས་པའི་དངོས་པོ་དེའི་མཚན་གཞི། དངོས་པོ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་མཚན། བདེན་པར་གྲུབ་པ། གཞན་དབང་རྣམས་དོན་གཅིག དཔེར་ན། བུམ་པ་ཆོས་ཅན། ཁྱོད་ལ་རང་མཚན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་གི་དགག་བྱ་བཅད་པ་སོགསགཞན་ལ་མ་ལྟོས་པར་རང་དབང་གི་རང་འཛིན་པའི་བློ་ལ་འཆར་རྒྱུ་ཡོད་པའི་རང་གི་མཚན་ཉིད་དེའི་རང་བཞིན་ཅན་ཡིན་པས་ན་རང་གི་མཚན་ཉིད་ཅེས་བཤད་པའི་ཕྱིར་རོ། ། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།