རང་བྱོན་ལྔ་ལྡན།
མཐོང་རིས་
བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། རྒྱལ་པོ་སྲོང་བཙན་སྒམ་པོས་སིངྒ་གླིང་གི་རྒྱ་མཚོའི་འགྲམ་དུ་ཡོད་པའི་བྱེ་མའི་གླིང་ནས་ཙནྡན་སྤྲུལ་གྱི་སྙིང་པོ་གདན་དྲངས་པ་དེ་ལས་རང་བྱུང་དུ་འཁྲུངས་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་བཞེངས་མི་དགོས་པར་རང་བྱུང་དུ་འཁྲུངས་པའི་ཐུགས་ཀར་གཟུངས་སུ་ཕུལ་བས་རང་བྱུང་གི་སྐུ་གཉིས་ཀྱི་སྟེང་རྒྱལ་པོ་ཉིད་དང། བལ་བཟའ། རྒྱ་བཟའ་གསུམ་སྐུ་དེའི་ཐུགས་ཀར་ཐིམ་པ་བསྣན་པས་རང་བྱུང་གི་བྱིན་རླབས་ལྔ་དང་ལྡན་པ་ཡིན་ཞེས་བཤད་སྲོལ་ཡོད། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།