རང་ཉིད་སྒོས་ཀྱིས་དབང་བའི་གཞིས།
མཐོང་རིས་
དེ་སྔ་སྲོང་བཙན་སྒམ་པའི་སྐབས་ནས་བཟུང་རྒྱལ་པོའི་བློན་པོ་དང་དམག་དཔོན་བྱས་རྗེས་ཆེ་བ་སོགས་ལ་བྱ་དགའི་གཟེངས་བསྟོད་དུ་ས་ཞིང་དང་། གཞིས་ཁང་། བྲན་གཡོག་བཅས་མི་རབས་བརྒྱུད་བཅས་སུ་གཏན་འཇགས་སྤྲོད་སྲོལ་ཡོད་པ་ལྟར། དེ་ལྔའི་བོད་ས་གནས་སྲིད་གཞུང་སོགས་བོད་ཀྱི་སྲིད་འཛིན་རིམ་བྱུང་ཚང་མར་བྱས་རྗེས་གཟིགས་བཟོས་ལྟ་བུར་དེ་ལྟར་སྤྲོད་སྲོལ་ཡོད་པ་དེ་ལ་སྒོས་གཞིས་ཟེརབའི་མིང་ཐོགས་པ་ཡིན། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།