Jump to content

རང་གི་ལུས་འདི་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག

ཡོང་ཁུངས་Wikipedia

ཡུམ་ལས། ལུས་འདི་ལ་སྐྲ་དང་། སྤུ་དང་། སེན་མོ་དང་། ལྤགས་པ་དང་གློག་པ་དང་། ཤ་དང་ཆུ་བ་དང་། ཁྲག་དང་། རུས་པ་དང་། རྐང་དང་།་སྙིང་དང་། མཁལ་མ་དང་། མཆིན་པ་དང་། གློ་བ་དང་། མཚེར་པ་དང་། ལོང་ཀ་དང་། རྒྱུ་མ་དང་། གཉེ་མ་དང་། ནང་ཁྲོལ་དང་། གཅིན་དང་ཕྱི་ས་དང་། མཆི་མ་དང་། རྔུལ་དང་། ཚིལ་དང་། སྣབས་དང་། ངར་སྣབས་དང་། རྣག་དང་། མཁྲིས་པ་དང་ བད་ཀན་དང་། ཆུ་སེར་དང་། ཁ་ཆུ་དང་། དྲི་མ་དང་། ཀླད་པ་དང་། ཀླད་རྒྱས་དང་། རྔུ་མ་དང་། རྣ་སྤབས་དག་ཀྱང་ཡོད་དོ། ། ཞེས་གསུངས་པ་ལྟར་རོ། ། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།