རང་གི་རིག་གནས་མཁས་དགོས། གཞན་ཀྱི་རིག་གནས་ཤེས་དགོས།
མཐོང་རིས་
མི་རིགས་དང་རྒྱལ་ཁབ་གང་ཞིག་ཡིན་རུང་། རིགས་གཞུང་སློབ་པ་ལ་ཐོག་མར་རང་མི་རིགས་དང་རང་རྒྱལ་ཁབ་ཀྱི་རིག་གནས་ལ་མཁས་པར་བསླབས་དེ་ནས་མི་རིགས་གཞན་གྱི་རིག་གནས་རྒྱུས་ལོན་དང་ཤེས་ཐབས་བྱེད་དགོས་ཞེས་པའི་དོན་ཡིན། དེ་ལྟར་བྱས་ན་རང་རིགས་ཀྱི་རིག་གནས་དེ་གཞན་ཀྱི་རིག་གནས་དང་བསྡུར་ན་གནས་ཚད་དང་རིན་ཐང་ཇི་ཙམ་སླེབས་ཡོད་པ་དང་། ཁེར་ཅ་ཐུབ་མིན་སོགས་རང་གི་ཡང་དག་པའི་རྣམ་དཔྱོད་ཀྱིས་རྟོག་ཐུབ་པ་ཡིན་ནོ།།