རང་གི་མཚན་ཉིད་ཀྱིས་གྲུབ་པ།
མཐོང་རིས་
དབུ་མ་རང་རྒྱུད་པ་རྣམས་ཀྱི་ཐ་སྙད་དུ་ཤེས་བྱ་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། རང་ངོས་ནས་གྲུབ་པ། རང་བཞིན་གྱི་གྲུབ་པ་སོགས་འདོད་ཅིང་། དེར་མ་གྲུབ་པར་ཐ་སྙད་དུ་རང་མཚན་བཀག་ན་གཞི་དེ་ཐ་སྙད་དུ་ཡོད་པར་འཇོག་མི་ནུས་པས་ཆད་ལྟར་འགྲོ་བརའདོད་ཀྱང་། ཆོས་ཐམས་ཅད་བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་མ་ཡིན་པར་ཡུལ་རང་ངོས་ནས་གྲུབ་པར་འཛིན་པ་ནི་བདེན་འཛིན་དུ་འདོད་ལ། འདི་ནི་རིགས་པའི་རྣམ་གྲངས་དུ་མས་འགོག་པར་མཛད་དོ། །༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།