རག་རི་ཁྲོད།
མཐོང་རིས་
ལྷ་སའི་ཤར་ངོས་ཉེ་འདབས་རག་རི་ཁྲོད་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་དགའ་ལྡན་ཁྲི་ཐོག་དོན་དྲུག་པ་སྲིད་སྐྱོང་སྡེ་དྲུག་མཁྱེན་རབ་དབང་ཕྱུག་གིས་བཏབ། རྟེན་གཙོ་ཐུབ་དབང་དང་། གནས་བརྟན་བཅུ་དྲུག་གི་སྐུ་སོགས་ཡོད། གྲྭ་གྲངས༡༠སྐོར། དགོན་བདག་སྡེ་དྲུག་བླ་བྲང་ཡིན།