ར་ས་སྤང་ལུང་རི་ཁྲོད།
མཐོང་རིས་
ཕུར་བུ་ལྕོག་རི་ཁྲོད་ཀྱི་རྒྱབ་ཏུ་ཡོད་པའི་ར་ས་སྤང་ལུང་རི་ཁྲོད་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་མ་གཅིག་ལབ་སྒྲོན་གྱི་བླ་མ་སྐྱོ་སྟོན་བསོད་ནམས་བླ་མས་སྒྲུབ་སྡེ་བཏབ་ཅིང་བཞུགས་སྐད་དང་། བར་ལམ་ཞིག་ནས་ཉམས་ཆགས་བྱུང་བར་དུས་རབས་བཅོ་བརྒྱད་པའི་ནང་སེར་སྨད་མཁན་ཟུར་བློ་བཟང་ཐུགས་རྗེས་རི་ཁྲོད་བསྐྱར་བསྐྲུན་གྱིས་བཞུགས། ཁོང་ལ་སྤང་ལུང་བློ་བཟང་ཐུགས་རྗེ་ཞེས་འབོད་ཅིང་། སྤང་ལུང་སྤྲུལ་སྐུ་སྐུ་ཕྲེང་དང་པོ་ཡིན། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་གྲྭ་གྲངས༡༧ཡོད་པ་དང་། དགོན་བདག་སེར་སྨད་སྤོམ་སྦོར་ར་ཁང་ཚན་ཡིན།༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།