ར་ཆེ་སྨོན་ལམ།
མཐོང་རིས་
བོད་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་སེ་ར་ཐེག་ཆེན་གླིང་དགོན་གྱི་གྲྭ་ཚང་གསུམ་གྱི་མཁན་བླ་དགེ་འདུན་དང་ཚོགས་ཆེན་དགེ་བསྐོས་བཅས་ར་ཆེ་གཙུག་ལག་ཁང་དུ་ཕེབས་ཏེ་སྔ་དྲོ་ཐོ་རེངས་གསོ་སྦྱོང་དང་། དེ་ནས་ཞོགས་ཚོགས་། དགུང་ཚིགས། དེ་རྗེས་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཀྱིས་སྐམ་ཚོགས་སྨོན་ལམ། དགོང་ཇ་སོགས་སྨོན་ལམ་ཆེན་མོ་དང་ཆ་འདྲ་བ་ཉིན་གཅིག་ཚོགས་རྒྱུར་གཞུང་གནས་ནས་ཇ་ཐུག་དང་། སྐུ་འགྱེད། དཔྱད་ཁྲ་སོགས་བསྩལ་ཏེ་ར་ཆེ་ཇོ་བོ་རིན་པོ་ཆེར་མཆོད་འབུལ་དང་། དགེ་འདུན་ལ་ཉིན་འཁྱོངས་གཅིག་གི་བསྙེན་བཀུར་སྩལ་སྲོལ་ཡོད་པ་འདིར་སེ་རའི་དགེ་འདུན་ཁེ་གཙང་ཡིན་འདུག༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།