Jump to content

ར་ཁ་བྲག་རི་ཁྲོད།

ཡོང་ཁུངས་Wikipedia

སེ་རའི་རྒྱབ་རིའི་ཤར་ངོས་སུ་ཡོད་པའི་ར་ཁ་བྲག་ནི་རབ་བྱུང་བདུན་པའི་མེ་ཕག(༡༤༠༧)ལོར་རྗེ་ཙོང་ཁ་པས་སྒྲུབ་པ་མཛད་ནས་བཞུགས་ཤིང་དེར《དྲང་ངེས་ལེགས་བཤད་སྙིང་པོ》བཀའ་རྩོམ་གནང་། རྗེ་ཙོང་ཁ་པ་སྐུ་གཤེགས་པའི་ཕྱི་ལོ་རབ་བྱུང་བདུན་པའི་ལྕགས་བྱི(༡༤༢༠)ལོར་རྗེ་སྒྲུབ་ཁང་དུ་བྱམས་ཆེན་ཆོས་རྗེ་ཙོང་ཁ་པའི་དགོངས་རྫོགས་མཆོད་འབུལ་མཛད། དུས་རབས་བཅོ་བརྒྱད་པའི་ནང་སྒྲུབ་ཁང་དགེ་ལེགས་རྒྱ་མཚོས་འདུས་སྡེ་འཛུགས་པར་མཛད་ཅིང་། ཨ་དགའ་བསོད་ནམས་བཟང་པོས་འཛིན་སྐྱོང་དར་རྒྱས་སུ་བཏང་།དེ་གར་རྗེ་ཙོང་ཁ་པའི་སྒྲུབ་ཕུག་ནང་ཨ་ཡིག་གི་རང་བྱོན་ཡོད་པ་སོགས་མཇལ་རྒྱུ་ཡོད། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་གྲྭ་གྲངས༡༩ཡོད་པ་དང་། དགོན་བདག་སེ་ར་རྩེ་སྒྱུབ་ཁང་བླ་བྲང་ཡིན།༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།