ཡེ་ཤུའི་ཆོས་སྤེལ་སྟངས་མི་འདྲ་བ་གཉིས་

ཡོང་ཁུངས་Wikipedia

ཡེ་ཤུའི་ཆོས་ལུགས་ལ་ཆོས་སྤེལ་ལུགས་གཉིས་འདུག ནུབ་ཕྱོགས་ལ་ཡང་དེབ་ཅིག་འདུག དེ་རིན་པོ་ཆེས་མཁྱེན་རྒྱུ་རེད། དེའི་ནང་དུ་མེ་སྒྱོགས་ཀྱིས་བརྒྱབ་ནས་དེའི་རྗེས་སུ་ཆོས་སྤེལ་ཟེར་བ་དེ་འདྲའི་ཆོས་སྤེལ་སྟངས་སྐོར་ཞིག་བྲིས་འདུག དེ་བྱས་ན་འགྲིག་ས་མ་རེད།

སྒོར་མོ་བྱིན་ནས་ཆོས་སྤེལ་ན་དེ་ཡག་པོ་རེད། ང་ཚོ་བོད་ལ་གཅིག་གྱུར་གྱི་འགྲོ་སྟངས་དེ་འདྲ་ཡོད་མ་རེད་མ་གཏོགས། དཔེར་ན། དེ་རིང་མཁན་པོ་ཞིག་ག་ཤེད་ཅིག་ལ་ཆོས་སྤེལ་དུ་འགྲོ་དགོས་ན་ཁོ་རང་ས་མཐའ་འཁོབ་དེ་འདྲ་ཞིག་ལ་སོང་ནས་ཆོས་སྤེལ། ཁོ་རང་གི་དགོས་ངེས་ཀྱི་འཚོ་བའི་ཡོ་བྱད་ཚང་མ་དགོན་པ་དང་སྒྲིག་འཛུགས་ལྟ་བུའི་བསྟབས་ན། དེ་ཧ་ལས་པ་ཡག་པོ་ཡིན་རྒྱུ་རེད། དེ་ལ་ཆོག་མི་ཆོག་ཅི་མི་འདུག དངོས་གནས་དྲང་གནས་བྱས་ན་དེ་དགོས་ས་རེད། དེ་གཅིག་ཡིན།