ཡེ་ཤུ་མ་ཤུ་ཀ

ཡོང་ཁུངས་Wikipedia

ངོ་སྤྲོད་མདོར་བསྡུས།[རྩོམ་སྒྲིག]

ཡེ་ཤུ་མ་ཤུ་ཀ་ནི་ལོ་ངོ་༢༠༠༠གི་སྔོན་དུ་རོམ་རྒྱལ་གྱིས་ཡཱ་ཧུ་ད་པའི་རྒྱལ་ཁབ་བཅོམ་པའི་དུས་སུ་འཁྲུངས་པ་དང་། ཡཱ་ཧུ་ད་པ་རྣམས། བཙན་འཛུལ་པ་རོ་མ་ལ་ངོ་བརྒོལ་ཐེངས་མང་བྱས་པའི་ལས་འགུལ་ཕམ་པའི་རྗེས་སུ། ཁོ་ཚོའི་སྔར་བཞིན་རང་དབང་དང་རང་བཙན་ལ་རེ་སྒུག་བྱས་པའི་སྐྱབས་མགོན་དེ་རེད། འོན་ཀྱང་ཁོ་རང་གིས་སོ་སོ་ལྷ་ཡིན་ཞེས་བསྒྲགས་པས། དེ་གའི་ཡ་ཧུ་ད་པའི་ཆོས་པ་དག་མ་དགའ་ནས། ས་གནས་དེའི་རོམ་གཞུང་ལ་ཆད་པ་གཅོད་པའི་རེ་བ་བཏོན་ནས། མཐར། རྒྱ་ཤིང་གི་རྩེ་ལ་བཏགས་ནས་འདས་པ་རེད། འོན་ཀྱང་། དམ་པའི་གསུང་རབ་ཀྱི་ནང་དུ། ཁོང་དེ་གའི་ཉིན་གསུམ་གྱི་རྗེས་ལ་འདས་ལོག་རྒྱབ་པ་དང་། ཡང་ཉིན་ཞག་བཞི་བཅུའི་རྗེས་སུ། ལྷ་རུ་འཕགས་ནས། ད་ལྟ་འཇིག་རྟེན་བྱེད་པོའོ་གཡས་སུ་བཞུགས་ཡོད་ཅེས་དང་། རྗེས་སུ་ད་དུང་། མཛེས་སྡུག་ལྡན་པའི་རྒྱལ་གཞུང་བཙུགས་རྒྱུ་དང་དམ་པའི་གསུང་རབ་ཀྱི་དབ་བཅའ་མངོན་འགྱུར་བྱེད་ལ་ངེས་པར་དུ་མི་ཡུལ་ལ་ཡོང་གི་རེད་ཟེར། དབ་བཅའ་དེ་ནི། དཀོན་མཆོག་ལ་ཡིད་ཆེས་ཡོད་པ་ཐམས་ཅད་ལྷ་ཡུལ་དུ་འདྲེན་རྒྱུ་དང་། དེ་ལས་གཞན་པ་ཐམས་ཅད། དམྱལ་བ་རུ་གཡུག་རྒྱུ་དེ་རེད། རྒྱུ་མཚན་གང་ཡིན་ཟེར་ན། དཀོན་མཆོག་ནི་འཇིག་རྟེན་གྱི་བྱེད་པོ་ཡིན་པས། མིའི་སྡིག་པ་ལ་གུ་ཡངས་དང་། དེ་ལ་ཆད་པ་གཅོད་པའི་དབང་ཆ་ཡང་ཡོད། མ་ཟད་དབང་ཆ་དེ་འཇིག་རྟེན་བྱེད་པོ་ལ་མ་གཏོགས་གཞན་པ་སུ་གང་ལ་མེད། ཡེ་ཤུ་མ་ཤུ་ཀ་ནི་བཀོན་མཆོག་གི་སྲས་པོ་དང་བྱམས་སེམས་ཅན་གྱི་བཀོན་མཆོག་གིས་རང་གི་སྲས་པོ་མི་ཡུལ་དུ་བཏང་ནས། འཇིག་རྟེན་མིའི་སྡིག་པ་འདག་བཅུག་རྒྱུ་དང་། མཐའ་མར་ཡེ་ཤུ་མ་ཤུ་ཀ་ནི་མིའི་སྡིག་པ་དག་པའི་ཆེད་དུ། རྒྱ་ཤིང་གི་རྩེ་ལ་ཤི་བ་རེད་ཟེར། གོང་གི་མིའི་སྡིག་པ་དེ་ནི། ཡར་སྔོན། བཀོན་མཆོག་ཡཱ་ཧོ་ཧེས་བཟོས་པའི་མི་ཕོ་དང་པོ་ཨ་ཏམ་དང་། ཨ་ཏམ་གྱི་ལུས་ནས་རྩིབ་རུས་ཤིག་བསླང་ནས་བཟོས་པའི་མི་མོ་དང་པོ་ཤཱ་ཝ་གཉིས་ཀྱིས་བཀོན་མཆོག་གིས་བཀག་འགོག་བྱས་པའི་ཤིང་འབྲས་ཟས་ནས་མི་ཡུལ་དུ་སྤུགས་པ། དེ་ནི་མིའི་སྡིག་པ་རེད།
མི་སྣའི་ཡིག་ཚགས།

བོད་ཡིག་མིང་། ཡེ་ཤུ་མ་ཤུ་ཀ
དབྱིན་ཡིག་མིང་། Jesus
རྒྱ་ཡིག་མིང་། 耶稣
མིང་གཞན། ཨེ་མ་ནེལ། ནཱ་སི་ར་བ་ཡེ་ཤུ།
ཡུམ། མཱ་རེ་ཡ།
ཡབ། 约瑟夫
སྐྱེས་ཡུལ། པ་ལེ་སི་ཐན་གྱི་བྱང་ཕྱོགས་ཀྱི་པོ་ལི་ཧིན་ས་ཁུལ་གྱི་ནཱ་སི་རའི་གྲོང་བརྡལ།
གོ་ས། ལྷའི་ཕོ་ཉ། དཀོན་མཆོག་གི་སྲས་པོ།
ལས་ཀ ཤིང་བཟོ་བ།
མི་རིགས། ཡ་ཧུ་ད་པ།
རྒྱལ་ཁོངས ཨི་ཟི་རེལ།

ཡེ་ཤུ་ཞེས་པ་དེ་དབྱིན་ཡིག་ཏུ། Jesusཟེར་བ་དང་། དེ་ནི་གྷི་རི་སིའི་སྐད་Ἰησοῦςལས་ཚུལ་དབྱིན་སྐད་དུ་སྒྲ་བསྒྱུར་བྱས་པ་དང་། དེ་ཡང་དེ་ནི་ཧེ་པུ་རོའི་སྐད་יהושׁועལས་ཚུལ་གྷི་རི་སིའི་སྐད་དུ་སྒྲ་བསྒྱུར་བྱས་པ་རེད། ཧེ་པུ་རོའི་སྐད་ནི་གནའ་བོའི་ཡ་ཧུ་ད་པའི་མི་རིགས་ཀྱི་སྐད་ཡིན་པ་དང་། ལྷས་སྐྱབས་པའམ་ཡང་ན། ཡཱ་ཧོ་ཧེ་ནི་སྐྱབས་མགོན་རེད་ཅེས་པའི་དོན་ཡིན་པ་དང་གཞན་ཡང་། ཡེ་ཤུའི་ཆོས་ལུགས་ལ་རྒྱ་ནག་སྐད་དུ་ཅིས་ཏོས་(基督)ཞེས་བསྒྱུར་ཡོད་པ་དེ་ནི་གྷི་རི་སིའི་སྐད་Χριστός(Christ)ཚུལ་རྒྱ་ཡིག་སྒྲ་བསྒྱུར་བྱས་པ་ཞིག་དང་། དེ་ཡང་ཧེ་པུ་རོའི་སྐད་མེ་སི་ཡ(Messiah)དང་དོན་གཅིག་པ་རེད་དེ། སྣུམ་བྱུག་པའི་མི་ཞེས་པའི་དོན་ཡིན་པ་དང་། དེ་ནི་སྔ་མོ་ཡ་ཧུ་ད་པའི་རྒྱལ་པོ་ཁྲི་ལ་བཞུགས་དུས་སྣུམ་ལུས་པོའི་སྒང་ལ་བྱུག་པའི་ཆོ་ག་ཞིག་ལས་བྱུང་བའི་གོ་གནས་ཀྱི་མིང་རེད། དེ་ཡང་ཡེ་ཤུ་ནི་Jesusལས་སྒྲ་བསྒྱུར་བྱས་པ་ལ། མ་ཤུ་ཀ་གང་ལས་བསྒྱུར་བ་ཤེས་མ་སོང་།

དཔྱད་གཞི།[རྩོམ་སྒྲིག]

དུང་དཀར་རིག་གནས་འཕྲིན་སྟེགས།