ཡིག་བརྒྱའི་གོ་དོན་
མཐོང་རིས་
ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏྭ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦྦ་སིདྡྷིམྨེ་པྲ་ཡཙྪ། སརྦྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄། སརྦྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུཾ་ཕཊ།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། སྐུ་གསུམ་ཡེ་ཤེས་ལྔ་བདག་ཉིད།། རྡོ་རྗེ་སེམས་དཔའི་དམ་ཚིག་གིས།། རྗེས་སུ་སྐྱོངས་ཤིང་ཉེ་བར་མནོས།། དགེ་བའི་དངོས་པོ་རབ་བརྟན་ཅིང་།། བདག་ལ་དགྱེས་ཤིང་རབ་རྒྱས་མཛོད།། རྡོ་རྗེ་ཅན་གྱི་རྗེས་ཆགས་ཀྱིས།། ལས་ཀུན་དངོས་གྲུབ་སེམས་ལ་སྩོལ།།
འདི་ནི་བདག་གི་བླ་མ་དམ་པ་སྒང་བ་རྒྱ་ནག་མཁན་སྤྲུལ་བསམ་གཏན་བསྟན་པའི་རྒྱལ་མཚན་མཆོག་གིས་གཞུང་དོན་དང་མཐུན་པར་བོད་སྐད་དུ་བསྒྱུར་བ་ལགས་སོ།། གུས་སློབ་ལྡོང་ཡོན་ཏན་རྒྱ་མཚོས་ཡི་གེར་ཕབས།