ཡི་དམ་དབལ་གསས་རྔམ་པའི་མི་ཁ་དགྲ་ཟློག་བཞུགས་སོ་
དབལ་གསས་རྔམ་པའི་སྐུ་ལ་ཕྱག་འཚལ་ལོ། འདི་ནི་མར་ལ་མི་ཁ་བྱད་ཁྲམ་ཟློག་པ་བསྟན་ཏེ་འདི་སྐད་དོ། བསྭོ་ང་ནི་དབལ་གསས་རྔམ་པ་ཁྲོ་རྒྱལ་མཁའ་འགྱིང་ཁ། ང་ཡི་མི་འདུལ་གང་ཡང་མེད། སྲིད་པའི་ཆུ་ལ་མི་འཐུང་གང་ཡང་མེད། འབྱུང་བ་རླུང་ལ་མི་རྟེན་གང་ཡང་མེད། དེ་བས་སྣང་སྲིད་སེམས་ཅན་དང་། དེ་བས་ལྷ་སྲིན་སྡེ་བརྒྱད་རྣམས། ཁྲོ་རྒྱལ་རྔམ་པའི་མཐུ་སྟོབས་ཀྱིས། ཡས་ཀྱི་བདུད་རྣམས་གཡོས་པ་ཟློག་དུ་གསོལ། མས་ཀྱི་སྲི་རྣམས་ལང་པ་ཟློག་དུ་གསོལ། ཐད་ནས་བཙན་རྣམས་འགྲོལ་བ་ཟློག་དུ་གསོལ། རྒྱལ་པོའི་སྨྱོ་འབོག་བཏང་བ་ཟློག་དུ་གསོལ། སྟེང་ལྷ་ཡི་བྱད་ཁ་ངན་པ་ཟློག་དུ་གསོལ། འོག་ཀླུ་ཡི་བྱད་ཁ་ངན་པ་ཟློག་དུ་གསོལ། བར་མི་ཡི་བྱད་ཁ་ངན་པ་ཟློག་དུ་གསོལ། དུན་ཙེའི་བྱད་ཁ་ངན་པ་ཟློག་དུ་གསོལ། གྱེར་ཙེའི་བྱད་ཁ་ངན་པ་ཟློག་དུ་གསོལ། མུ་སྟེགས་བསམ་སྦྱོར་ངན་པ་ཟློག་དུ་གསོལ། མགོ་ནག་མི་ཁ་ངན་པ་ཟློག་དུ་གསོལ། རྒྱ་ཡི་མི་ཁ་ངན་པ་ཟློག་དུ་གསོལ། སྟོང་གི་མི་ཁ་ངན་པ་ཟློག་དུ་གསོལ། མི་མ་ཡིན་གྱི་མི་ཁ་ངན་པ་ཟློག་དུ་གསོལ། ལྷ་ཡི་མི་ཁ་ངན་པ་ཟློག་དུ་གསོལ། ཕ་རོལ་གྱི་མི་ཁ་ངན་པ་ཟློག་དུ་གསོལ། བན་བོན་གྱི་མི་ཁ་ངན་པ་ཟློག་དུ་གསོལ། ཁྱིམ་མཚན་གྱི་མི་ཁ་ངན་པ་ཟློག་དུ་གསོལ། ཤག་རོག་གྱི་མི་ཁ་ངན་པ་ཟློག་དུ་གསོལ། མ་དང་སྲུ་མོའི་མི་ཁ་ངན་པ་ཟློག་དུ་གསོལ། སྟོང་གི་བྲ་ཆུ་ངན་པ་ཟློག་དུ་གསོལ། སུམ་པའི་གང་སྟོང་ངན་པ་ཟློག་དུ་གསོལ། ཕོ་བརྒྱས་མདའ་བདར་ངན་པ་ཟློག་དུ་གསོལ། མོ་བརྒྱས་དུག་སྦྱོར་ངན་པ་ཟློག་དུ་གསོལ། ཀིང་ཐོག་དང་སེར་བ་ངན་པ་ཟློག་དུ་གསོལ། འབྱུང་བའི་གཤེད་ཟུར་ངན་པ་ཟློག་དུ་གསོལ། ལོ་ངན་ཟླ་ངན་ཞག་ངན་ཟློག་དུ་གསོལ། ལྟ་ངན་དང་དགྲ་ཐན་ངན་པ་ཟློག་དུ་གསོལ། མོ་ངན་སྨིན་ལྟས་ངན་པ་ཟློག་དུ་གསོལ། བོན་ཟོར་ཆོས་ཟོར་ངན་པ་ཟློགདུ་གསོལ། རྒྱལ་ཁམས་དམག་འཁྲུག་ངན་པ་ཟློག་དུ་གསོལ། ལོ་ངན་སྐལ་ངན་དུས་ངན་ཟློག་དུ་གསོལ། ཕུར་བུའི་དབལ་ཁ་ངན་པ་ཟློག་དུ་གསོལ། དྲང་སྲོང་གི་དམོད་པ་ངན་པ་ཟློག་དུ་གསོལ། བདུད་ཀྱི་ཆོ་འཕྲུལ་ངན་པ་ཟློག་དུ་གསོལ། ཚེའི་བར་ཆད་ངན་པ་ཟློག་དུ་གསོལ། སྲོག་གི་ཧུར་ཐུམ་ངན་པ་ཟློག་དུ་གསོལ། དུས་མིན་འཆི་བ་ངན་པ་ཟློག་དུ་གསོལ། མཁའ་འགྲོའི་སུན་མ་ངན་པ་ཟློག་དུ་གསོལ། བདུད་ཀྱི་ཁྲམ་ལ་བཏབ་པ་ཟློག་དུ་གསོལ། དམར་ཆེན་གཏོར་མ་འདི་ཡི་ཟློག་དུ་གསོལ། བཟློག་གོ་དམར་ཆེན་གཏོར་མས་ཟློག།བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར། སྲིན་པོའི་ཙཀྲ་བསྐོར་བ་ཡང་དམར་ཆེན་གཏོར་མ་འདི་ཡིས་ཟློག ཕོ་བདུད་དར་ཁ་གཡས་སུ་བསྒྱུར། མོ་བདུད་དར་ཁ་གཡོན་དུ་བསྒྱུར། སྤྱི་བདུད་དར་ཁ་དགྲ་ལ་བསྒྱུར། ཆུང་བདུད་དར་ཁ་ཐུར་དུ་བསྒྱུར། ལྷ་འདྲེ་སྟོང་གི་དམོད་བྱེད་ཟློག་དུ་གསོལ། ཡོ་བྱེད་སྟོང་གི་དམོད་བྱེད་ངན་པ་ཟློག ཚེ་ཀག་ཟླ་ཀག་ཞག་ཀེག་ངན་པ་ཟློག གཟའ་སྐར་མི་མཐུན་ཕྱོགས་རྣམས་ཟློག་དུ་གསོལ། བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཇོད། བྷྱོ་བྷྱོ་བྷྱོ། ཟློག་ཟློག་ཟློག ཅེས་པ་འདི་བྱད་ཟློག་མི་ཁ་བྲ་མཆུ་བཟློག་པ་འདི། འདི་ཡི་མི་ཟློག་ཅིག་ཀྱང་མེད། ནད་རིགས་བཞི་བརྒྱ་རྩ་བཞི་ཟློག བགེགས་རིག་སྟོང་ཕྲག་བརྒྱད་བཅུ་ཟློག འདི་ཡི་མི་ཁ་བྲ་མཆུ་ཟློག། འདི་ནི་སྟོང་འཇོམས་ཆེན་མོ་ཞེས་བྱ་བ་རྫོགས་སོ། དབལ་གསས་རྔམ་པའི་མི་ཁ་དགྲ་ཟློག་འདི་ཁྱུང་རྒོད་རྩལ་གྱི་གཏེར་མའོ།། བཀྲ་ཤིས།།
།གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྐུ་ལ་ཕྱག་འཚལ་ལོ། ། བསྭོ་མུ་ཡེ་སྤྲོས་ཁྱུང་ཡེ་ལམ་ཀྲི་ཁྲི་ཏར་དར་གསལ་འབར་འོད་དཔག་རམ་སྭཱཧཱ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། མུ་ཏྲེ་མུ་ཏྲེ་མུ་ར་མུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ་ན་ཧུ་ཏ་ཀ ཤུད་དྷོ་ཤུད་དྷོ་དུ་ཤུད་དྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན་ཁྲི་ཙེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊཿཕཊཿ སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །དུས་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། །།