ཡར་ལྷ་ཤམ་པོ།

ཡོང་ཁུངས་Wikipedia

ཡར་ལྷ་ཤམ་པོ་ གངས་རི་ཡར་ལྷ་ཤམ་པོ་ནི། ཡར་མོ་ཀླུང་གི་ཕུ་ལ་གནས་ཡོད་ཅིང་། རྩེད་ཐང་ནས་ལམ་ཐག་སྤྱི་ལེ53ཡོད་པ་དང་། མཐོ་ཚད་རྒྱ་མཚོའི་ངོས་ནས་སྤྱི་ཁྲི6000ཙམ་ཡོད། གངས་རི་འདི་ནི་བོད་མི་དམངས་ཀྱི་གུས་བཀུར་ཞུ་སའི་སྲིད་པའི་ལྷ་དགུའི་གྲས་ཤིག་ཡིན་པ་མ་ཟད། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན་སོགས་ཀྱིས་བསྟེན་པའི་སྲུང་མ་རྗེ་ཡི་མགུར་ལྷ་བཅུ་གསུམ་ཞེས་པའི་གྲས་ཤིག་ཀྱང་ཡིན། གངས་རིའི་བཟོ་དབྱིབས་ནི་ཐོག་མར་མཆོད་རྟེན་བཀྲ་ཤིས་སྒོ་མང་དང་འདྲ་བ་ཞིག་ཡོད་ཀྱང་ས་མཐོའི་ཉི་འོད་ཀྱིས་རིམ་བཞིན་བཞུར་བས་བཟོ་ལྟ་འགྱུར་ཞིང་ཅུང་ཙམ་དམའ་རུ་སོང་ཡོད་ཐོག་རི་སྐེད་ཀྱི་དབྱིབས་ལ་མཐོ་ཞིང་གཟར་བ་དང་། ལ་ལ་སྐས་རིམ་ལྟར་ཆགས་པ་སོགས་ངོ་མཚར་ལྡན་པ་ཞིག་ཡོད་པ་དེའི་མདུན་ཕྱོགས་ནས་ཆུ་བོ་ཡར་ལྷ་ཤམ་ཆུ་ཤང་ཤང་དུ་འབབ་ཀྱི་ཡོད། ཆུ་འགྲམ་གཡས་གཡོན་གྱི་ཡར་ཀླུང་ཞིང་ཐང་ནི་གསེར་གྱི་གཞོང་པ་དང་འདྲ་བའི་འབྲུ་རིགས་ཀྱི་བང་མཛོད་ཅིག་ཡིན་པས་ཡར་ཀླུང་ལ་བོད་ཀྱི་འབྲུ་མཛོད་ཅེས་པའི་མཚན་སྙན་ཐོབ་ཡོད་པ་རེད།

གངས་རི་ཡར་ལྷ་ཤམ་པོ་ནི། ཡར་མོ་ཀླུང་གི་ཕུ་ལ་གནས་ཡོད་ཅིང་། རྩེད་ཐང་ནས་ལམ་ཐག་སྤྱི་ལེ53ཡོད་པ་དང་། མཐོ་ཚད་རྒྱ་མཚོའི་ངོས་ནས་སྤྱི་ཁྲི6000ཙམ་ཡོད། གངས་རི་འདི་ནི་བོད་མི་དམངས་ཀྱི་གུས་བཀུར་ཞུ་སའི་སྲིད་པའི་ལྷ་དགུའི་གྲས་ཤིག་ཡིན་པ་མ་ཟད། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན་སོགས་ཀྱིས་བསྟེན་པའི་སྲུང་མ་རྗེ་ཡི་མགུར་ལྷ་བཅུ་གསུམ་ཞེས་པའི་གྲས་ཤིག་ཀྱང་ཡིན། གངས་རིའི་བཟོ་དབྱིབས་ནི་ཐོག་མར་མཆོད་རྟེན་བཀྲ་ཤིས་སྒོ་མང་དང་འདྲ་བ་ཞིག་ཡོད་ཀྱང་ས་མཐོའི་ཉི་འོད་ཀྱིས་རིམ་བཞིན་བཞུར་བས་བཟོ་ལྟ་འགྱུར་ཞིང་ཅུང་ཙམ་དམའ་རུ་སོང་ཡོད་ཐོག་རི་སྐེད་ཀྱི་དབྱིབས་ལ་མཐོ་ཞིང་གཟར་བ་དང་། ལ་ལ་སྐས་རིམ་ལྟར་ཆགས་པ་སོགས་ངོ་མཚར་ལྡན་པ་ཞིག་ཡོད་པ་དེའི་མདུན་ཕྱོགས་ནས་ཆུ་བོ་ཡར་ལྷ་ཤམ་ཆུ་ཤང་ཤང་དུ་འབབ་ཀྱི་ཡོད། ཆུ་འགྲམ་གཡས་གཡོན་གྱི་ཡར་ཀླུང་ཞིང་ཐང་ནི་གསེར་གྱི་གཞོང་པ་དང་འདྲ་བའི་འབྲུ་རིགས་ཀྱི་བང་མཛོད་ཅིག་ཡིན་པས་ཡར་ཀླུང་ལ་བོད་ཀྱི་འབྲུ་མཛོད་ཅེས་པའི་མཚན་སྙན་ཐོབ་ཡོད་པ་དང་། སྔོ་ལྗང་ལྕང་མའི་རིགས་དང་། ཁྲ་ཆིལ་མེ་ཏོག་གི་རིགས་ནི་ཡར་ཀླུང་ལྕང་གསེབ་གླིང་ཁ་ཞེས་ལྷ་ཡུལ་གྱི་སྐྱེད་ཚལ་དང་གཉིས་སུ་མེད་པ་ལྟ་བུར་སྣང་། ད་དུང་གངས་རི་འདིའི་རྒྱབ་ཕྱོགས་ཀྱི་ཆུ་ནི་ཨེ་ཆུ་མདོ་གྱང་ལུང་ཤུར་དུ་འབབ་ཀྱི་ཡོད་པས་དེའི་རྒྱུད་དུ་རྩྭ་ཆུ་ཕུན་སུམ་ཚོགས་པ་ཕྱུགས་རིགས་དཀར་ནག་སྤྲོ་སྐྱིད་གཏོང་སའི་མཛེས་ལྗོངས་ཆེན་པོ་ཞིག་ལྷུན་གྱིས་གྲུབ་ཡོད།

གངས་རི་འདིར་སྔོན་ལོ་རྒྱུས་ཐོག་ངོ་མཚར་ཅན་གྱི་ལྷ་སྒྲུང་ཡང་མང་པོ་བཤད་རྒྱུ་ཡོད་པ་དཔེར་ན། བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་བློན་པོ་ལོ་ངམ་གྱིས་བཀྲོངས་རྗེས་རྒྱལ་པོའི་བཙུན་མོ་གངས་རི་ཡར་ལྷ་ཤམ་པོ་དང་ཉེ་སར་བྲོས་ཕེབས་པའི་མཚན་མོ་ཞིག(འགའ་ཞིག་གིས་རྟ་འཚོ་བར་ཕེབས་ཞེས་ཀྱང་ཟེར)ལ་ཡར་ལྷ་ཤམ་པོའི་སྤྲུལ་པ་ལྷ་གཡག་དཀར་པོ་ཞིག་དང་འགྲོགས་པ་རྨིས་པས་སྐུ་ལུས་སྦྲུམ་མར་གྱུར་བ་དང་། ཟླ་དགུ་ངོ་བཅུ་སོང་རྗེས་ཁྱེའུ་ཞིག་བཙས་པའི་མིང་ལ་རུ་ལས་སྐྱེས་ཞེས་བཏགས། ཁྱེའུ་དེ་ཆེར་ལོངས་ནས་དགྲ་ཤ་བླངས་པ་དང་། རྒྱལ་སྲིད་སྐྱོང་རོགས་དབྱེ་མཁན་གྱི་བློན་པོ་མཆོག་ཏུ་གྱུར་པ་མཛངས་མི་བདུན་གྱི་དང་པོ་རུ་ལས་སྐྱེས་ཞེས་བོད་ཡོངས་ལ་གྲགས་པ་སོགས་ཤོད་རྒྱུན་ཤིན་ཏུ་མང་།

གཞན་ཡང་སྔར་ནས་ད་བར་ཡར་ཀླུང་གི་རྒྱ་ཆེའི་ཆོས་དད་པ་སེར་སྐྱ་མང་ཚོགས་ཚོས་ཡུལ་ཡར་ཀླུང་ལ་བསྡད་ན་ལྷ་ཡར་ལྷ་ཤམ་པོ་གསོལ་དགོས་ཞེས་གངས་རི་ཡར་ལྷ་ཤམ་པོ་འདི་ཉིད་མཆོག་ཏུ་གྱུར་པའི་ཡུལ་ལྷ་ཞིག་ཏུ་བརྩིས་ནས་དད་གུས་ཚད་མེད་ཞུས་ཏེ་ཡར་ལྷ་ཤམ་པོ་དགྱེས་ན་རང་ཉིད་ཚེ་རིང་ནད་མེད་དང་། བྱ་བ་ལམ་འགྲོ་ཡོང་བ་དང་། ཡར་ལྷ་ཤམ་པོ་ཁྲོས་ན་གེགས་བར་ཆད་ཡོང་བའི་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད་བོད་ཡུལ་གྱི་ས་ཆ་གཞན་དག་ནས་ཀྱང་ཆེད་མངགས་ཡར་ལྷ་ཤམ་པོ་མཇལ་བར་ཕེབས་མཁན་མང་པོ་ཡོད་པ་དང་། ད་དུང་གངས་བསྐོར་ཐེངས་ལྔ་དང་། བཅུ། སུམ་ཅུ་སོགས་རྒྱག་མཁན་ཡང་མང་པོ་ཡོད།


མིང་འབྱུང་ཚུལ།[རྩོམ་སྒྲིག]

ལོ་རྒྱུས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]