Jump to content

ཡན་ལག་བརྒྱད་

ཡོང་ཁུངས་Wikipedia

འཕགས་པའི་ལམ་ཡན་ལག་བརྒྱད། སྟོན་པས་གསུངས་པའི་ལམ་འདི་ནི་སྡུག་བསྔལ་གྱི་རྒྱུ་སྤངས་ནས་ཐར་པ་ཐོབ་བྱེད་ཀྱི་ལམ་བཟང་པོ་ཞིག་ཡིན།

༡། ཡང་དག་པའི་ལྟ་བ། ལས་རྒྱུ་འབྲས་དང་བདེན་པ་བཞིའི་གནས་ལུགས་གསལ་བར་རྟོགས་པ།

༢། ཡང་དག་པའི་རྟོག་པ། གཞན་ལ་གནོད་སེམས་སྤངས་ནས་བྱམས་པ་དང་བརྩེ་བའི་བསམ་པ་བཅང་བ།

༣། ཡང་དག་པའི་ངག རྫུན་དང་ཕྲ་མ། ཚིག་རྩུབ་སོགས་སྤངས་ནས་བདེན་པ་དང་ཞི་བའི་ངག་སྨྲ་བ།

༤། ཡང་དག་པའི་ལས་ཀྱི་མཐའ། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སོགས་མི་དགེ་བའི་ལས་སྤངས་པ།

༥། ཡང་དག་པའི་འཚོ་བ། གཞན་ལ་གཡོ་སྒྱུ་དང་གནོད་པ་མ་བྱས་པར་ཆོས་མཐུན་གྱི་སྒོ་ནས་འཚོ་བ་སྐྱེལ་བ།

༦། ཡང་དག་པའི་རྩོལ་བ། སྡིག་པ་མི་དགེ་བའི་ཆོས་སྤངས་ཤིང་དགེ་བའི་ཆོས་སྒྲུབ་པ་ལ་འབད་པ།

༧། ཡང་དག་པའི་དྲན་པ། རང་གི་ལུས་ངག་ཡིད་གསུམ་གྱི་བྱ་བ་ལ་དོགས་ཟོན་དང་དྲན་པ་བརྟན་པོ་བསྟེན་པ།

༨། ཡང་དག་པའི་ཏིང་ངེ་འཛིན། སེམས་རྩེ་གཅིག་ཏུ་དགེ་བའི་དམིགས་པ་ལ་འཇོག་པ།