འོ་ལྡེ་སྤུ་རྒྱལ་པའི་བློན་པོ་རྩལ་ཅན་རིམ་བྱུང་

ཡོང་ཁུངས་Wikipedia

བོད་ཀྱི་རྒྱལ་རབས་རིམ་བྱུང་གི་ནང་དུ་བློན་པོ་རྩལ་བོ་ཆེ་མང་པོ་བྱུང་ཡོད་པས་འདིར་དེ་དག་རེ་རེ་བཞིན་རྒྱལ་རབས་གང་དག་གི་སྐབས་སུ་བྱུང་བ་སོགས་གསལ་བོར་བཀོད་ཡོད།

​==མ་ཡིག== ༄། །བཙན་པོ་ལྡེ་པྲུ་བོ་གནམ་གཞུང་རྩན་1གྱྀ་རིང་སླད་ཆད། ། བློན་ཆེ་བགྱིས་པ་འྀ་རབས་ལ། ། གནའ་ཐོག་མ་འདའར་གྱྀ་བུ་སྟོང་དང་རྗེས་བྱས་ཏེ། ། འཛངས་ལ་དཔའ་འོ། ། གློ་བ་ཡང་ཉེ་འོ། ། དེ་འྀ་འོག་དུ་རྔེགས། དུད་ཀྱྀ་རྗེས་བྱས་ཏེ། ། དཔའ་ལ་འཛངསོ། ། དེ་འྀ་འོག་དུ་ཁུ་ལྷ་བོ་མགོ་གར་གྱིས་བྱས་ཏེ། །དགྲ་ལ་དཔཱ། ཞྀང་སྙིང་ཤེས་༢། རྨྱིག་རྣོ། །དེ་འྀ་འོག་དུ་ལྷོ་ཐང་འབྲིང་ཡ་སྟེངས་ཀྱིས་བྱས་ཏེ། ། ཕྱི་འི་དགྲ་ཐུབ། ། ནང་གྀ་ཁབ་བསོ་མཐོའ། །དེ་འི་འོག་ཏུ་རྔེགས་ཐང་ཡོང་ཐང་རྗེས་བྱས་ཏེ། །ཕྱི་འི་དགྲ་ཐུབ། །ནང་གྀ་ཁབ་བསོ་མཐོའ། །དེ་འི་འོག་དུ་རྔེགས་ཐང་ཡོང་ཐང་རྗེས་བྱསྟེ། དཔའ་ཞིང་འཛངསོ། །དེ་འི་འོག་དུ་གནུབས་སྨོན་ཏོ་རེ་སྤུང་བརྩན་གྱིས་བྱས་ཏེ། །སྙིང་ཤེས་མྱིག་རྣོ། ། དེ་འྀ་འོག་དུ་མཐོན་མྱི་འབྲིང་པོ་རྒྱལ་བཙན་ནུས་བྱས་ཏེ། །དཀུའ་ཆད་པོ་བྱས་ནས། ཁོ་ན་འི་སྲིང་མོ་མཐོན་མྱྀ་ཟ་ཡར་སྟེང་། དུག་བསྐུར། ཏེ་བཏང་བ་ལས། ། མོ་ན3.དུག་འཐུངས་ནས། ། བཙན་ནུ་བཀུམ་པ་ལགསོ། །དེ་འྀ་འོག་དུ་སྣ་ནམ། ། འབྲིང་ཏོག་རྗེས་བྱས། །དེའི་འོག་དུ་གནུབས་ཁྲི་དོ་རེ་མཐོང་པོས་བྱས། །དེ་འྀ་འོག་དུ་གནུབས། ཁྲི་དོག་རྗེ་གཙུག་བློན་གྱིས་བྱས། ། དེ་འྀ་འོག་དུ་གནུབས་མཉེན་ཏོ་རེ་ངན་སྣང་གིས་བྱས། དེ་འི་འོག་དུ་ཤུད་པུ་རྒྱལ་ཏོ་རེ་ང་མྱིས་བྱས་ཏེ། །འདི་ཡན་ཆད་ཀྱི་བློན་པོ་འཕྲུལ་དང་ལྡན་ཏེ། ལྟག་བརྟན་དང་འདོམ5སྟེ། འཛངས་ཀྱང་ཚད་མྱེད་དོ། ། མྱྀ་དེ་ལྟེ་བུ་མ་སྐྱེས་པ་ཙམ་གྱི་ཚོད་དོ། ། དེ་འི་འོག་དུ་མོང་། ཁྲི་དོ་རེ་སྣང་ཚབ་ཀྱིས་བྱསྟེ། །འཛངས་ཀྱི་ཚད་ནྀ། །རྩང་བོད་ཀྱི་ཇོ་བོ་མར་མུན་བརླགས་ཏེ། དཀུའ་ཆེད་པོ་བློད་པ་འྀ་ཚེ། །དེང་ཕོ་ཉ་ཞྀག་རིངས་པར་འོང་བ་སྙམ་གིས། ། ཕོ་ཉ་འི་ལན་མྱུར་དུ། ། བགྱི་འཚལ་ཞེས་མཆི་ནས། །ཕོ་ཉ་འྀ་ལན་ཇི་ལ་མ་རག་པར་བྱས་པ་ལས། །འུང་གྀ་རྗེས་ལའ། །ཕོ་ཉ་མཆིས་ནས། །གསོད་བྱ་མྱི་དགོས་པར། །སྔར་སུག་ལས་བགྱིས་ལགསྟེ། །འུང་ཙམ་མོ། །དེའི་འོག་དུ། །མགར་ཁྲི་སྒྲ་འཛྀ་རྨུན་གྱིས་བྱསྟེ། །འཛངས་རྒྱ་དང་ལྟག་བརྟན་ནྀ། །འདྲོན་པོ་6མྱི།གསུམ་འགྲོགས་ཏེ་འགྲོ་ན། འདྲོན་པོ་ཐོག་མ་འི་སྙིང་ལ་འདི་སེམས། །བར་མ་འི་སྙིང་ལ་འདི། །སེམས། ཐ་མ་འྀ་སྙིང་ལ་འདི་སེམས་ཤེས། །གྲོགས་པོ་ལ་གཏམ་བྱས་པ་དང་། །བདེན་ནམ་བརྫུན་འདྲོན་པོ་གསུམ་པ་བཀལ་7ཏེ་རྨས་ན། ། ཁྲྀ་སྒྲ་འཛི་རྨུན་མཆི་བ་བཞིན་མད་དེ། །འཛངས་གྱད་8། །ནྀ་དེ་ཙམ་མོ། །དེ་འྀ་འོག་དུ་མྱང་མང་པོ་རྗེ་ཞང་སྣང་གིས་བྱས་སོ། །བཙན་པོ་ཡབ་ཁྲི་སློན་བཙན། །དགུང་དུ་གཤེགས། །སྲས་ཁྲི་སྲོང་བརྩན་གྱི་རིང་ལ། །མྱང་མང་པོ་རྗེ་ཞང་སྣང་གྀས། ། སུམ་ཁམས་ཐམས་ཤད་འབངས་སུ་དགུག་པར་བཀའ་སྩལ་ཏོ།མྱང་མང་པོ་རྗེ་ཞང་སྣང་གྀས། །འཛངས་ཀྱི་བློ་སྒྱུ་གཉྀས་ཀྱིས། །རྨྀ་རྟ་གཉིས་ཚེགས་མ་བྱུང་བར། ། དཔྱའ་ཕབ་ལུག་རྟུག་གི་སྒྱུ། །ལྕེ་ཐོར་ཏོ་ལ་བརྗོད་དེ། །འབངས་གཉུག་མ9བཞིན་དུ་བཀུག་སྟེ་འུང་ཙམ་མོ། །དེ་འི་འོག་དུ་མགར་མང་ཞང་སུམ་སྣང་གྀས་བྱས་སོ། མང་ཞང་སུམ་སྣང་དང་། ཁུ་ཁྲི་སྙ་དགུའ་ཟུང་གཉིས། རལ་གྱི་10དང་བརྡའ་པྲད་11་ཆེས་བགྱིས་ཏེ། །གནའ་བཙན་པོ་འབྲོ་མཉེན་གྱི་རིང་ལ། །མཐོན་མྱི་འབྲིང་པོ་རྒྱལ་བཙན་ནུས་བློན་ཆེ་བགྱིས་པ་ན་ཡང་། གློ་བ་རྀངས་པར། མགར་མང་ཞང་སུམ་སྣང་རལ་གྱྀ་དང་།བརྡའ་པྲད་དེ་ཚོར་བ་སྐད་དུ་བགྱིས་ནས། །བཟུང་སྟེ་བགྱོན་ཕབ12པ་ན་ཡང་། །གཤེད་མ་མང་ཞམ་སུཾ། །སྣང་གིས་བགྱྀས་ཏེ། །བཀུཾ་ནས། །མགོ་བཆད་པ་ཐོག་ཆེས13བླངས་ཏེ། །སྣམ་པྲག་དུ་བཅུག་ནས། །གོམ་པ་ལྔ་དྲུག་ཙམ་བོར་བ་དང་འགྱེལ་བ་སྐད་བྱ་འོ། ། དེ་འྀ་འོག་དུ་ཁྱུང་པོ་སྤུང་སད་ཟུ་ཙེས། བྱས་པ་ལས། ། འོ་མ་ལྡེ་ལོད་བཙན་དང་རེགས་མ་མཇལ་ནས། །མཁར་ཁྲི་བོམས་སུ་མཆྀས་ཏེ། །ཁྲི་བོམས་དཀུའ་གང་པུབ་ནས། །བཙན་པོ་སྲོང་བརྩན་སྟོན་མོ་གསོལ་བར་བྱས་ཏེ། ། གློ་བ་རིངས་པ། མགར་ཡུལ་ཟུང་གྀས་ཚོར་ནས།རང་གྀ་མགོ་བཆད་དེ་གུམ་མོ། །སྤུང་སད་ཟུ་ཙེ་འཛངས་ཀྱང་ཀྱི་ཚད་ནི། །རྩིས་གྲ་གསུམ་ཞལ་ཅེ་གྲ་བཞྀ་ཡང་རྣ་བས་ཉན་ཞིང་གཆོད། མྱིག་མངས་གྲ་ཆིག་ཀྱང་ཟླ་ལ་15རྩེ་ན། རྒྱལ། །བྱ་པུག་རོན་ཁྱུ་གཆིག་ནམ་ཀ་ལ་འཕུར་བ་ཡང་། གཆིག་གཉྀས་གསུམ་བཞི་ལྔ་དྲུག་ཆེས་བགྲགས་16། བྱ་ཕྱིར་འཕུར་བ་ཡང་། བགྲངས་པ་ལས། །བྱ་ཅིག་མ་ཚང་ན་། །ཁྲས་བསད་པ་འདྲའས་ལྟོས་ཤེས་མཆི་ནས། །མྱི་ཡོངས་ཀྱིས་བལྟས་པ་ལས། །བྱ་ཆིག་ཁྲས་བཀུམ་སྟེ། །སྤུང་སད་ཙེ་ལྟེ་བུ། ཚོར་སྐྱེན་17ལ་དཀུ་ཆེ། །སྙིང་འཛངས། མྱྀ་ཆིག་ལ་ཚོགས་དགུ་ཚོགས་ན18། །ཟུ་ཙེ་ལྟེ་བུ་སུ་ག་ལ་ཡང་མྱེད་དོ། ། དེ་འི་འོག་ཏུ་མགར་སྟོང་རྩན་ཡུལ་ཟུང་གྀས་བྱས་སོ། །ཡུལ་ཟུང་རྒས་ནས། །འོ་མ་ལྡེ་ལོད་བཙན་བཅུག་གོའ། །རྀང་བོ་མ་རག་པར་19གློ་བ་རིངས་ནས་བཀུཾ་མོ། །འུང་ནས་བློན་སྟོང་རྩན་སླར་བཅུག་སྟེ། ལོ་དྲུག་བགྱིས། ན། །རྒས་ཏེ་གུཾ་མོ། །སྐྱིན་བར20ཞང་ལོན་པྲ་མོ་དང་འབངས་ཀྱིས་དཔྱའད་པ་ནྀ། །དབའས་སུམ་སྣང་། བཅུག་ཀྲང་21ཞེས་དཔྱད་དོ། །རྗེ་བློན་གསངས་སྟེ་བཀའ་བཏགས་པ་ནྀ། །མགར་བཙན་སྙ་ལྡོམ་བུ་རྟ་དྔ། །མཚུངས་རྀགས་ཀྱིས་བློན་ཆེར་བཅུག་གོ །བློན་ཆེ་འྀ་ལུགས་སློབ་པ་འྀ་འོག་པོན། དབའས་སུམ་སྣང་གྀས་བྱས་ཏེ། སུམ་སྣང་གུམ་ནས། །བློན་བཙན་སྙ་ལྡོམ་བུས་བྱས་སཱོ། ། དེ་འྀ་འོག་དུ་ཁུ་མང་པོ་རྗེ་ལྷ་ཟུང་གྀས་བྱས་སོ། ། ལྷ་ཟུང་བགྱོན་ཕབ་ནས། །དབའས་ཁྲྀ་གཟིངས་ཞང་ཉེན་གྱིས་བྱས་སོའ། །དེ་ནས་མགར་ཁྲི་འབྲིང་བཙན་བྲོད་ཀྱིས་བྱས་སོ། ། དེ་འི་འོག་དུ་དབའས་ཁྲི་སུམ་རྗེ་རྩང་བཞེར་གྱིས། །བྱས་སོའ། ། དེའི་འོག་དུ་རྔེགས་མང་ཞམ་སྟག་ཚབ་གྱིས་བྱས་སོ། ། དེ་འི་འོག་ཏུ་དབའས་སྟག་སྒྲ་ཁོང་ལོད་ཀྱིས་བྱས་ཏེ། །བཀྱོན་ཕབ་ནས། ། འབྲོ་ཅུང་བཟང་འོར་མང་གིས་བྱས་སོ། །དེ་འི་འོག་ཏུ་འབལ་སྐྱེ་ཟང་ལྡོང་ཚབ་ཀྱིས་བྱས་སོ། ། སྐྱེ་ཟང་ལྡོང་ཚབ་བཀྱོན་ཕབ་ནས། ། དབའས་སྣང་བཞེར་ཟུ་བརྩན་གྱིས་བྱསོ། ། དེ་འི་འོག་ཏུ་མགོས་ཁྲི་བཟང་ཡབ་ལག་གྀས་བྱས་སོ། ། དེ་ནས་ངན་ལམ་སྟག་སྒྲ་ཀླུ་གོང་གིས་བྱསོ། ། དེ་འི་འོག་དུ་སྣ་ནམ་ཞང་རྒྱལ་ཚན་ལྷ་སྣང་གིས་བྱས་སོ། ། དེ་འི་འོག་ཏུ་འབྲོ་ཁྲི་གཟུ་རམ་ཤགྶ་གྱིས་བྱསོ། ། དེ་འི་འོག་དུ་དབའ་མང་རྗེ་ལྷ་ལོད་གྱིས་བྱས་སོ། །དེ་འི་འོག་དུ་འབྲོ་ཁྲི་སུམ་རྗེ་སྟག་སྣང་གྀས་བྱས་སོ ། །དེ་འི་འོག་དུ་དབའས་རྒྱལ་ཏོ་རེ་སྟག་སྙས་བྱས་སོ། །

དཀའ་འགྲེལ།[རྩོམ་སྒྲིག]

1.བཙན་པོ་ལྡེ་པྲུ་གནམ་གཞུང་བརྩན། འདི་པ་ས་ཡི་ལྡེ་བརྒྱད་དུ་གྲགས་པའི་གཉིས་པ་སྟེ་ལྡེ་འཕྲུལ་ནམ་གཞུང་བཙན། ཞེས་ཀྱང་བྱའོ། ། 2.སྙིང་ཤེས། བློ་གྲོས་དང་ལྡན་པའི་དོན། 3.མོ་ན། མོ་རང་ཉིད་དམ་ཁོ་མོ་ཞེས་པའི་དོན། མོན་ཡིན་པར་འདོད་མཁན་ཡང་མཆིས། 4.ལྟག་བརྟན། རྟག་བརྟན་ཏེ་བློ་སེམས་འགྱུར་བ་མེད་པའི་དོན། 5.འདོམ་སྟེ། དོམ་སྟེའམ་དམ་པོ་སྟེ་ཞེས་པ་ངང་ཚུལ་དམ་པོར་སྲུང་བའི་དོན་ལ་འཇུག་པ་འདྲ། 6.འདྲོན་པོ། མགྲོན་པོ་དང་དོན་གཅིག 7.ཁ་བཀལ། ཁ་བཀར་ཞེས་པའི་དོན། 8.འཛངས་གྱད། མཛངས་ཁྱད་དེ་མཛངས་པའི་ཁྱད་པར་དང་ཁྱད་ཆོས། 9.གཉུག་མ། ཚུལ་ལམ་ལུགས་ཀྱི་དོན་ཏེ་ཚུལ་དང་ལུགས་དང་མཐུན་པར་འབངས་སུ་བཀུག་པ་དང་། ཡང་ན། གདོད་མའམ་སྔ་མ་ཞེས་པའི་དོན། 10.རལ་གྱི། རལ་གྲི་དང་དོན་གཅིག 11.བརྡའ་པྲད། བརྡ་ཕྲད་དམ་བརྡ་སྤྲད་ཅེས་པའི་དོན་དང་། ཡང་ན། མདའ་ཕྲད་དེ་མདའ་ཁ་བྱེད་པའི་དོན། 12.བགྱོན་པ། བཀྱོན་པ་དང་དོན་གཅིག 13.ཐོག་ཆེས། ཐོག་གེ་སྟེ་འཕྲལ་དང་མྱུར་བའི་དོན། 14.སྣམ་པྲག ཨ་ཕྲག་གམ་ཨམ་ཕྲག་སྟེ་རུམ་ཡིན་པ་འདྲ། 15.ཟླ་ལ། འདིར་ཞར་ལ་ཞེས་པ་དང་མཚུངས། 16.བགྲགས། འདིར་བགྲངས་དང་མཚུངས། 17.ཚོར་སྐྱེན་ལ་དཀུ་ཆེ། ཚོར་བ་མྱུར་ལ་ཐབས་རྩལ་ཆེ། ཞེས་པ་དང་། ཡང་ན། ཚོར་བ་མྱུར་ལ་དཀྱེལ་ཀྱང་ཆེ། ཞེས་པའི་དོན། 18.མྱྀ་ཆིག་ལ་ཚོགས་དགུ་ཚོགས་ན། མི་ཞིག་ལ་འཛོམས་དགུ་འཛོམས་ན། ཞེས་པའི་དོན། 19.རྀང་བོ་མ་རག་པ། རིང་བོ་མ་ཐོགས་པའི་དོན། 20.སྐྱིན་བར། ཚབ་བམ་དོད་དུ་ཞེས་པའི་དོན། 21.བཅུག་ཀྲང་།བཅུག་གྲང་སྟེ་འདིར་གྲང་ནི་ཐག་མ་ཆོད་པ་དང་ཐེ་ཚོམ་སྟོན་བྱེད་ཀྱི་སྒྲའམ་ཚིག་གྲོགས་སོ། །