Jump to content

འཛམ་ལྷའི་ཆུ་སྦྱིན་བཞུགས་སོ

ཡོང་ཁུངས་Wikipedia
རང་ཉིད་གཤེན་རབ་ཏུ་གསལ་བར་བསྒོམ་པའི་མདུན་དུ་ཡི་དྭགས་སྡེ་ཚོགས་ཐམས་ཅད་གསལ་བར་དམིགས། སྟོན་པའི་ཐུགས་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བབ་ནས། ཡི་དྭགས་རྣམས་བཀྲེས་སྐོམ་གྱི་སྡུག་བསྔལ་དང་བྲལ་བར་བསམ། ༀཱ་ཛྭ་ལ་མ་ཏཾ་སརྦ་པྲེ་ཏ་བྷྱ་སྭཱཧྭཱ། ཡི་དྭགས་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། སྒྲིབ་པའི་སྒྲིབ་པ་ཅན། འོག་མའི་ཝ་བ་ཅན། བོག་རི་མགོ པྲི་རྒྱུད་སྐེ། རྩྭ་འཇག་རྐང། བྱང་འབྲོག་ལྟོ། མེ་ལྕེ་འཁོར་ལོ་ཅན། ཅེ་རེ་ལྟ་བ། གྲོང་ངེ་ཉན་པ། པྲིང་ངེ་རྒྱུག་པ་སོགས་ཡི་དྭགས་ཀྱི་སྡེ་རིགས་རྣམས་ལ་ཟས་མེད་པ་རྣམས་ལ་ཟས། བཏུང་བ་མེད་པ་རྣམས་ལ་བཏུང་བ། ཟས་རི་བོ་ཙམ། སྐོམ་རྒྱ་མཚོ་ཙམ། ཟས་སྐོམ་བདུད་རྩིའི་རྒྱ་མཚོ་ཆར་བཞིན་དུ་འབབ་པར་གྱུར་ཅིག 
 གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྐུ་ལ་ཕྱག་འཚལ་ལོ། ། བསྭོ་མུ་ཡེ་སྤྲོས་ཁྱུང་ཡེ་ལམ་ཀྲི་ཁྲི་ཏར་དར་གསལ་འབར་འོད་དཔག་རམ་སྭཱཧཱ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། མུ་ཏྲེ་མུ་ཏྲེ་མུ་ར་མུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ་ན་ཧུ་ཏ་ཀ ཤུད་དྷོ་ཤུད་དྷོ་དུ་ཤུད་དྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན་ཁྲི་ཙེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊཿཕཊཿ  སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །དུས་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། །།