Jump to content

འཛམ་གླིང་ན་ཆེས་སྐད་གྲགས་ཆེ་བའི་དྲི་བ་ཉེར་བརྒྱད་མ་

ཡོང་ཁུངས་Wikipedia

གཤམ་གྱི་དྲི་བ་འདི་དག་ལས་ཁྱོད་ཀྱིས་རང་གི་ད་སྐབས་ཀྱི་འཚོ་བ་དང་། བསམ་བློ། རིན་ཐང་ལྟ་བ། མི་ཚེའི་ཉམས་མྱོང་བཅས་མཐོང་བར་འགྱུར་ཟེར་ཞིང་ད་རུང་རང་གི་ལོ་ཚོད་ཀྱི་འགྱུར་བ་དང་བསྟུན་མ་འོངས་པར་དྲིས་ལན་ཡང་དེ་རིང་དང་མི་འདྲ་བ་འབྱུང་ཞེས་ཟེར་རོ།།

གཅིག ཁྱོད་ཀྱིས་ཆེས་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་གྱིན་ཡོད།

གཉིས། ཁྱོད་ཀྱི་རེ་བ་ལྟར་ན་རང་ཉིད་ལ་འཇོན་ནུས་གང་འདྲ་ཞིག་ཡོད་ན་འདོད།

གསུམ། ཁྱོད་རང་ཆེས་འཇིགས་ས་དེ་ཅི་ཞིག་ཡིན།

བཞི། ཁྱོད་ཀྱི་ད་སྐབས་ཀྱི་སེམས་ཁམས་ག་འདྲ་ཞིག་ཡིན།

ལྔ། ད་སྐབས་ཞལ་བཞུགས་བཞིན་པའི་མི་དག་ལས་ཁྱོད་རང་ཆེས་དགའ་གུས་ཡོད་ས་དེ་སུ་ཡིན།

དྲུག ཁྱོད་ཀྱིས་རང་ཉིད་ཀྱི་ཆེས་ངོམས་སུ་རུང་བའི་གྲུབ་འབྲས་དེ་ཅི་ཞིག་ཡིན་པར་འདོད།

བདུན། ཁྱོད་ཀྱིས་རང་ཉིད་ཀྱི་གཤིས་སྤྱོད་དག་ལས་ཆེས་མི་དགའ་ས་དེ་གང་ཡིན།

བརྒྱད། ཁྱོད་ཀྱིས་ཆེས་བརྗེད་དུ་མེད་པའི་གནས་སྐོར་དེ་ཡུལ་དུས་ནམ་ཞིག་ལ་བྱས་པ་དྲན་གྱིན་འདུག་གམ།

དགུ། ཁྱོད་རང་མི་གཞན་གྱི་གཤིས་སྤྱོད་ལས་ཆེས་མི་དགའ་ས་དེ་ཅི་ཞིག་ཡིན།

བཅུ། ཁྱོད་རང་རང་ཉིད་ཀྱི་རྒྱུ་ནོར་ལས་ཅི་ཞིག་ཆེས་གལ་ཆེན་དུ་འཛིན་གྱིན་ཡོད།

བཅུ་གཅིག ཁྱོད་ཀྱིས་རང་ཉིད་ཀྱི་ཆེས་རྒྱས་སྤྲོས་ཀྱི་བྱ་དངོས་དེ་ཅི་ཞིག་ཡིན་པར་འདོད།

བཅུ་གཉིས། ཁྱོད་ཀྱིས་རང་ཉིད་ཀྱི་སྡུག་བསྔལ་ཐམས་ཅད་ལས་ཆེས་ཡང་ཤོས་དེ་ཅི་ཞིག་ཡིན་པར་འདོད།

བཅུ་གསུམ། ཁྱོད་ཀྱིས་བསམ་ན་མིའི་ཀུན་སྤྱོད་དག་ལས་ཆེས་ཡག་ཤོས་དེ་ཅི་ཞིག་ཡིན་པར་འདོད།

བཅུ་བཞི། ཁྱོད་རང་ཆེས་དགའ་ཤོས་ཀྱི་ཆེད་ལས་ཅི་ཞིག་ཡིན།

བཅོ་ལྔ། ཁྱོད་རང་རང་ཉིད་ཀྱི་ཕྱིའི་རྣམ་པ་ལས་བློ་ལ་དེ་འདྲ་མི་ཡོང་བ་དེ་ཅི་ཞིག་ཡིན།

བཅུ་དྲུག ཁྱོད་རང་ཆེས་འགྱོད་པ་སྐྱེ་ས་དེ་ཅི་ཞིག་ཡིན།

བཅུ་བདུན། ས་སྐབས་གསོན་བཞིན་པའི་མི་དག་ལས་ཁྱོད་རང་གིས་ཆེས་ཐ་ཤལ་དུ་མཐོང་བའི་མི་དེ་སུ་ཡིན།

བཅོ་བརྒྱད། ཁྱོད་རང་སྐྱེས་པ་དག་གི་ལུས་སྟེང་གི་ཆེས་དགའ་སའི་གཤིས་སྤྱོད་དེ་ཅི་ཞིག་ཡིན།

བཅུ་དགུ། ཁྱོད་ཀྱིས་ཆེས་བཀོལ་གྲངས་མང་བའི་ཐ་སྙད་དམ་ཡི་གེ་དེ་ཅི་ཞིག་ཡིན།

ཉི་ཤུ། ཁྱོད་རང་བུད་མེད་དག་གི་ལུས་སྟེང་གི་ཆེས་དགའ་སའི་གཤིས་སྤྱོད་དེ་ཅི་ཞིག་ཡིན།

ཉེར་གཅིག ཁྱོད་རང་ལ་ཆེས་སྡུག་བསྔལ་ཆེ་ཤོས་སྟེར་མྱོང་བའི་དོན་དག་དེ་ཅི་ཞིག་ཡིན།

ཉེར་གཉིས། ཁྱོད་ཀྱིས་རང་གི་གྲོགས་པོ་དག་གི་ལུས་སྟེང་ནས་ཅི་ཞིག་ཆེས་གལ་ཆེན་དུ་འཛིན་གྱིན་ཡོད།

ཉེར་གསུམ། ཁྱོད་རང་མི་ཚེ་འདིར་ཆེས་དགའ་མྱོང་སའི་མིའམ་དངོས་པོ་དེ་ཅི་ཞིག་ཡིན།

ཉེར་བཞི། རྗེས་མ་ཁྱོད་ཀྱིས་རང་ཉིད་རྣམ་པ་གང་འདྲ་ཞིག་གི་ལམ་ནས་ཤི་ཐུབ་ན་བསམ་གྱིན་ཡོད།

ཉེར་ལྔ། ཁྱོད་ཀྱིས་བདེ་སྐྱིད་ཟེར་བ་དེ་ཡུལ་དུས་ག་འདྲ་ཞིག་གི་ངོས་ནས་ཐོབ་ཀྱིན་འདུག

ཉེར་དྲུག གལ་ཏེ་ཁྱོད་ཀྱིས་རང་གི་ཁྱིམ་ཚང་ལ་འགྱུར་བ་སྣ་གཅིག་བཏང་ཐུབ་ན་ཅི་ཞིག་བཏང་ན་འདོད།

ཉེར་བདུན། གལ་ཏེ་ཁྱོད་ལ་ཡང་བསྐྱར་བདམས་ག་ཞིག་སྦྱིན་པའི་དབང་དུ་བྱས་ན་ཁྱོད་ཀྱིས་རང་ལ་ཅི་ཞིག་ཐོབ་ན་འདོད་དམ།

ཉེར་བརྒྱད། ཁྱོད་ལ་རང་གི་ཉམས་མྱོང་ལས་ཐོབ་པའི་སྡོམ་ཚིག་ཡོད་དམ།

ཡོང་ཁུངས། གླིང་སྲས། ཡིག་སྒྱུར་བ། གླིང་སྲས།