Jump to content

འཛམ་གླིང་གི་གླིང་ཆེན་བདུན་

ཡོང་ཁུངས་Wikipedia

འཛམ་གླིང་གི་གླིང་ཆེན་བདུན། 7 continents of the world 世 界 七 大 洲

ཀུན་གྱིས་མཁྱེན་གསལ་ལྟར། གླིང་ཆེན་བདུན་གྱི་གོ་རིམ་ནི་ས་ཁྱོན་ཆེ་ཆུང་ལྟར་བསྒྲིགས་ཡོད་པ་ཡིན།

The widely recognized all the 7 continents are listed by size below, from biggest to smallest.

众所周知,7大洲是按照面积的从大到小排列的。

ཨེ་ཤ་ཡ Asia 亚洲

[རྩོམ་སྒྲིག]

 སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་བཞི་ཁྲི་གཉིས་༼༥༣༥༢༠༠༠༠༽ཡོད་པ་དང་། རྒྱལ་ཁབ་ལྔ་བཅུ་༼༥༠༽ཡོད། གླིང་འདི་ནི་མི་འབོར་ཆེས་མང་པའི་སྐམ་ས་ཆེན་པོ་དེ་ཡིན་ལ། འཛམ་གླིང་ཧྲིལ་བོའི་མི་འབོར་གྱི་བརྒྱ་ཆའི་དྲུག་ཅུ་༼༦༠% ༽ཙམ་གླིང་འདིར་འཚོ་སྡོད་བྱས་ནས་ཡོད།

ASIA (43,820,000 sq km) includes 50 countries, and it is the most populated continent, the 60% of the total population of the Earth live here.

亚洲 面积:(43,420,000平方公里)由50个国家,是人口最多的大陆,占地球总人口的60%。

ཨ་ཧྥི་རི་ཀ Africa 非洲

[རྩོམ་སྒྲིག]

གླིང་ཆེན་འདིར་རྒྱལ་ཁབ་ང་བཞི་༼༥༤༽ཡོད་ལ་སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བྱེ་བ་གསུམ་དང་འབུམ་གསུམ་ཁྲི་བདུན་༼༣༠༣༧༠༠༠༠༽ཡོད། འདི་ནི་འཛམ་བུ་གླིང་གི་ཆེས་ཚ་བ་ཆེ་བའི་སྐམ་ས་ཆེན་པོ་དང་། འཛམ་བུ་གླིང་གི་བྱེ་ཐང་ཆེས་ཆེ་ཤོས་དེ་ཆགས་ཡུལ་ཡིན། ས་ཧ་ར་བྱེ་ཐང་གིས་ཨ་ཧྥི་རི་ཀ་གླིང་ཆེན་སྤྱིའི་བརྒྱ་ཆའི་ཉེར་ལྔ་༼༢༥% ༽ཟིན་ཡོད།

AFRICA (30,370,000 sq km) comprises 54 countries. It is the hottest continent and home of the world's largest desert, the Sahara, occupying the 25% of the total area of Africa.

非洲 由54个国家组成(面积:3037万平方公里),是世界上最热的大陆,并且拥有世界上最大的沙漠,撒哈拉沙漠占据了非洲总面积的25%。

བྱང་ཨ་མེ་རི་ཀ North America 北美洲

[རྩོམ་སྒྲིག]

གླིང་ཆེན་འདིའི་སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བྱེ་བ་གཉིས་ས་ཡ་བཞི་འབུམ་བཞི་ཁྲི་དགུ༼༢༥༥༩༠༠༠༠༽ཡོད་ལ། འདི་ནི་ཨ་རི་གཙོ་བྱས་པའི་འཛམ་གླིང་གི་དཔལ་འབྱོར་ཚོགས་པ་ཆེས་ཆེན་པོ་ཡིན་པའི་རྒྱལ་ཁབ་ཉེར་གསུམ་༼༢༣༽ཡོད་པ་དེ་དག་གིས་གྲུབ་ཡོད།

NORTH AMERICA (24,490,000 sq km) includes 23 countries led by the USA as the largest economy in the world.

北美洲 由美国为首的世界上最大的经济体的23个国家组成。(总2449万平方公里)

ལྷོ་ཨ་མེ་རི་ཀ South America 南美洲

[རྩོམ་སྒྲིག]

གླིང་ཆེན་འདིར་རྒྱལ་ཁབ་བཅུ་གཉིས་༼༡༢༽ཡོད་ལ། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་གཞི་མ་བྱེ་བ་གཅིག་ས་ཡ་བདུན་འབུམ་བརྒྱད་ཁྲི་བཞི་༼༡༧༨༥༠༠༠༠༽ཡོད ། འཛམ་གླིང་ཆེ་ཤོས་སུ་གྲགས་པའི་ཨེ་མཱ་ཟོན་ཞེས་པའི་ཆར་ལྡན་ནགས་ཚལ་ཆེན་མོ་གླིང་འདིར་ཡོད་ལ། ལྷོ་ཨ་མེ་རི་ཀ་སྤྱིའི་ས་ཁྱོན་གྱི་བརྒྱ་ཆའི་སུམ་ཅུ་༼༣༠% ༽ཟིན་ཡོད།

SOUTH AMERICA (17,840,000 sq km) comprises 12 countries. Here is located the largest forest, the Amazon rainforest, which covers 30% of the South America total area.

南美洲 由12个国家组成(面积:17,840,000平方公里),这里有亚马逊雨林,占南美洲总面积的30%。

ལྷོ་སྣེ་གླིང་ Antarctica 南极洲

[རྩོམ་སྒྲིག]

གླིང་འདིའི་སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བྱེ་བ་གཅིག་ས་ཡ་གསུམ་འབུམ་བདུན་ཁྲི་གཉིས་༼༡༣༧༢༠༠༠༠༽ཡོད། འཛམ་གླིང་གི་གྲང་ངར་ཆེས་ཆེ་བའི་སྐམ་ས་ཡིན་ལ། གླིང་འདི་འཁྱགས་པས་ཡོངས་སུ་བཟུང་ནས་ཡོད། ཚན་རིག་པའི་ཞིབ་འཇུག་བྱེད་སའི་གནས་གཞི་ཙམ་མ་གཏོགས་གླིང་འདིར་རྒྱུན་སྡོད་བྱེད་མཁན་གྱི་མི་སུ་ཡང་མེད།

ANTARCTICA (13,720,000 sq km) is the coldest continent in the world, completely covered with ice. There are no permanent inhabitants, except of scientists maintaining research stations in Antarctica.

南极洲 面积:13,720,000平方公里)是世界上最冷的大陆,完全被冰覆盖。没有永久居民,除了科学考察基地。

ཡོ་རོབ Europe 欧洲

[རྩོམ་སྒྲིག]

སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བྱེ་བ་གཅིག་འབུམ་གཅིག་ཁྲི་བརྒྱད་༼༡༠༡༨༠༠༠༠༽ཡོད་ལ། གླིང་འདིར་རྒྱལ་ཁབ་ང་གཅིག་༼༥༡༽ཡོད། ཡོ་རོབ་མནའ་འབྲེལ་ནི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་ཆབ་སྲིད་གཉིས་ཀྱི་མནའ་འབྲེལ་ཆེ་ཤོས་དེ་ཡིན་ནོ།

EUROPE (10,180,000 sq km) comprises 51 countries. It is the most developed economically continent with the European Union as the biggest economic and political union in the world.

欧洲 (面积:1018万平方公里)包括51个国家。它是欧盟作为世界上最大的经济和政治联盟。

ཨོ་སི་ཊི་ལི་ཡ Australia 澳大利亚

[རྩོམ་སྒྲིག]

གླིང་འདིའི་སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་དགུ་དང་སྟོང་བརྒྱད་ལྔ་བརྒྱ༼༩༠༠༨༥༠༠༽ཡོད་ལ། རྒྱལ་ཁབ་བཅུ་བཞི་༼༡༤༽གནས་ཡོད། འདི་ནི་ལྷོ་སྣེ་གླིང་མ་རྩིས་པའི་འཛམ་བུ་གླིང་གི་མི་འབོར་ཆེས་ཉུང་བའི་སྐམ་ས་ཆེན་པོ་དེ་ཡིན། བརྒྱ་ཆའི་ཐིག་གྲངས་ཆུང་གསུམ་༼༠.༣% ༽ཙམ་གྱི་མི་གྲངས་འདིར་གནས་སྡོད་བྱས་ཡོད།

AUSTRALIA (9,008,500 sq km) includes 14 countries. It is the least populated continent after Antarctica, only 0.3% of the total Earth population live here.

澳大利亚 面积:9,008,500平方公里)包括14个国家。它属南极洲之后人口最少的大陆,只有占0.3%的地球人口居住在这里。