འཚོ་བའི་ཁྲོད་ཀྱི་རྒྱུན་ཤེས་ཆུང་ཆང་

ཡོང་ཁུངས་Wikipedia

ན་རྒྱུན་གྱི་འཚོ་བའི་ནང་དུ་དཀའ་ཁག་ཆུང་ཆུང་ལ་དུས་རྒྱུན་འཕྲད་པས། ཚན་རིག་དང་མཐུན་པའི་བྱེད་ཐབས་མཁས་པོ་ལག་ཏུ་བསྟར་ཏེ་དེ་དག་ཐག་གཅོད་དགོས།

༡ ཚོད་གྱིས་སྦག་པའི་གྱོན་གོས་སྟེང་ལ་ལྒ་སྐྱིའི་ཁུ་བ་བྱུགས་ཏེ་བཀྲུས་ན། སྦག་ཤུན་དུས་ཐོག་ཏུ་དག་འགྲོ་བ་རེད། ༢ ཧ་ཡང་དང་ཟངས་ལས་བཟོས་པའི་སྣོད་ཆས་བཀོལ་ནས་རྙིང་རྗེས། བྱེ་མ་དང་ཐལ་སྐྱ་སོགས་ཀྱིས་འཕུར་ཏེ་ཕྱིས་མི་རུང་ཞིང་། དེ་ན་ཇི་ལྟར་བྱས་ན་ལེགས་ཞེ་ན། ཚུའུ་ཉུང་ཙམ་ཞིག་བྱུགས་ཏེ་བྱུགས་ཏེ་ཕྱིས་ན་འོད་ལྡན་ཞིང་གསར་བ་ལྟར་འགྱུར་བ་མ་ཟད། ད་དུང་སྣོད་ཆས་ལ་ཤུར་མོའང་བཟོ་མི་སྲིད། ༣ རྡོ་ཐལ་མིག་ནང་ལ་འཛུལ་ཚེ་ཚ་ཞིང་ན་ཟུག་བཟོད་དཀའ་ལ། དེའི་སྐབས་སུ་ཁྱེད་ཀྱིས་མིག་ནང་ལ་མངར་ཆུ་ཉུང་ཙམ་ཞིག་གཏུགས་པ་ན། ན་ཟུག་དུས་ཐོག་ཏུ་ཡལ་འགྲོ་བ་རེད། ༤ རྐང་བ་དང་ལག་པར་ཤེལ་ཆག་གིས་བསྣད་ནས་རྨས་སྐྱོན་བཟོས་རྗེས། རྨ་ཁར་ཀ་ར་དཀར་པོ་ཉུང་ཙམ་བྱུགས་ན་རྨ་ཁ་རྣག་པར་སྔོན་འགོག་བྱེད་ནུས། ༥ དམ་བེ་ནང་གི་སྣུམ་དྲེག་ཕུད་ཐབས། དམ་བེ་ནང་གི་སྣུམ་དྲེག་དེ་ཧ་ཅང་བཀྲུ་དཀའ། གལ་ཏེ་ནང་ལ་བྱེ་མ་ཉུང་ངུ་བླུགས་ནས་ཆུ་གཙང་དང་ལྷན་དུ་བཀྲུས་ན་དག་པ་དང་། ཐེངས་འགར་བཀྲུས་ན་དམ་བེ་ནངགི་སྣུམ་མེད་པར་བཟོ་ཐུབ། ༦ དམ་བེའི་ཁ་འབྱེད་ཐབས། དམ་བེའི་ཁ་ལེབ་ལ་བཙའ་ཆགས་པའམ་སྲ་མོར་གཅུས་ཡོད་ན་འབྱེད་དཀའ་བོ་འདུག སྐབས་དེར་ཁྱོད་ཀྱིས་མེ་སྟེང་ལ་བསྲོས་ནས་གཅུས་ན་ཁ་འབྱེད་ཐུབ། ༧ སྲན་ཕྱུར་ཉར་འཇོག་བྱེད་ཐབས། གྲང་བཟོ་བྱས་པའི་ཚྭ་ཆུའི་ནང་དུ་སྲན་ཕྱུར་སྦངས་ན་ཉིན་༡༠ཡས་མས་ལ་རྒྱུ་མི་འགྱུར་བ་ཡིན། ༨ ཕག་ཚིལ་ཉར་འཇོག་བྱེད་ཐབས། ཕག་ཚིལ་ཉར་ཡུན་རིང་ན་དྲི་མ་ངན་པ་ཞིག་བྲོ་བ་རེད། གལ་ཏེ་ཕག་ཚིལ་ཁེ༤༠༠ནང་ལ་འཚོ་བཅུད་Eརིགས་བུ་གཅིག་བཞག་ན་ཕག་ཚིལ་ལོ་གཅིག་རིང་བཞག་རུང་སྤུས་ཀ་མི་འགྱུར། ༩ འབྲས་འཚོད་ཐབས། འབྲས་བཀྲུས་ནས་དག་རྗེས་ཆུའི་ནང་དུ་སྐར་མ་༢༠སྤངས་དགོས་པ་དང་། འབྲས་མ་བཙོས་སྔོན་ལ་ནང་དུ་ཟ་སྣུམ་ཉུང་ཙམ་བླུགས་ན། འབྲས་སླ་ངའི་ངོར་མི་འབྱར་བའི་ཁར་ཧ་ཅང་ཞིམ་པོ་ཡིན། ༡༠ གཡིས་ནང་དུ་གོ་རེ་འཚོད་ཐབས། གོ་རེ་ལེབ་མོ་ལྟར་གཙབས་པ་དང་གཞོགས་གཉིས་ལ་ཆུ་བསྐུས་ནས་གཡིས་ཁོལ་རྗེས་འཚོད་ཆོག བྱེད་ཐབས་འདི་སྤྱད་ནས་བཙོས་པའ་གོ་རེ་ལ་གཡིས་མང་པོ་མི་དགོས་པར་མ་ཟད། གོ་རེ་མཉེན་ཞིང་ཞིམ་པོ་ཡིན། ༡༡ བཙའ་དྲི་སེལ་ཐབས། ལྕགས་ཀྱི་སླ་ང་གས་ར་བ་དེ་མེ་སྟེང་ལ་སྐར་མ་གཅིག་ནས་གཉིས་ལ་བཞག་སྟེ། ནང་ལ་ཤ་ཚོན་པོ་ཅུང་ཙམ་དང་ཀེའུ་ཚལ་ཉུང་ཙམ་བཞག་ནས་བརྔོ་བ་དང་། བརྔོས་ནས་དྲི་མ་བྲོ་སྐབས་ཤ་དང་ཀེའུ་ཚལ་ཕྱིར་འཕོ་ནས་གཙང་མར་བཀྲུས་ན། བཙའ་དྲི་སེལ་བ་རེད། ༡༢ ག་བུར་རིལ་བུས་ལྷམ་ནང་གི་དྲི་ངན་སེལ་ཐབས། ག་བུར་རིལ་བུ་ཕྱེ་མར་བཏགས་ཏེ་ལྷམ་ནང་ལ་སྙོམས་པར་གཏོར་རྗེས་ལྷམ་གདན་བཏིངས་ཆོག སྤྱིར་ལྷམ་ཆ་ཞིག་གི་ནང་ལ་ག་བུར་རིལ་བུ༡ཙམ་གྱིས་འདང་བ་དང་། ཐབས་བཀོལ་འདི་སྤྱད་ན་ལྷམ་ནང་ཡང་སྐམ་པོར་གནས་ཐུབ་པ་མ་ཟད། ད་དུང་ལྷམ་དང་རྐང་ཤུབས་ངོས་ཀྱི་དྲི་ངན་ཡང་གཙང་སེལ་བྱེད་ནུས་པ་ཡིན། གཞན་ལྷམ་ནང་གི་ག་བུར་རིལ་བུའི་ཕྱེ་མ་དེ་གཟའ་འཁོར་རེར་ཐེངས་རེར་བརྗེ་སྤོར་བྱེད་དགོས། ༡༣ ཚུའུ་དཀར་གྱིས་རྐང་ཤུབས་ཀྱི་དྲི་ངན་སེལ་བ། ཚུའུ་དཀར་ཉུང་ཙམ་བླུགས་པའི་ཆུའི་ནང་ལ་རྐང་ཤུབས་བཀྲུས་ན་དྲི་ངན་སེལ་ཐུབ་པ་ལས་གཞན། ད་དུང་ནང་འབུ་ཡང་སེལ་ནུས། ༡༤ དྲི་ཞིམ་འདག་རྫས་ཀྱིས་ལྷམ་སྒམ་གྱི་དྲི་ངན་སེལ་བ། ལྷམ་སྒམ་ནང་དྲི་ཞིམ་འདག་རྫས་ཉུང་ཙམ་ཞིག་བཞག་ནས་ཉར་ཚགས་བྱས་ན་ལྷམ་ནང་གི་དྲི་ངན་དུས་ཐོག་ཏུ་སེལ་ཐུབ།