འཚོ་བ་བླ་ནས་སྦྱོར་
མཐོང་རིས་
རབ་ཏུ་བྱུང་བ་རྣམས་ཀྱི་འཚོ་བ་གཞན་ལ་བརྟེན་པ་མ་གཏོགས་འགན་སྲུང་གི་རྟེན་གཞི་གཞན་མེད་སྟབས་ཟས་གོས་སོགས་བཙན་པོའི་མཛོད་ནས་ནར་གཏོང་བྱ་དགོས་པར་བཀའ་བཅད་མཛད་པ་སྟེ། དེའི་ནུས་པ་ནིཆོས་པ་རབ་བྱུང་རྣམས་ལ་སྒེར་དབང་གི་དཔལ་འབྱོར་རྟེན་གཞི་མི་དགོས་པར་བྱས་པས་འཚོ་བ་ལྡེང་ཙམ་འགན་སྲུང་ཐུབ་པ་དང། དཔལ་འབྱོར་གོང་འཕེལ་གཏོང་བའི་ལས་དོན་ལ་འབད་བརྩོན་མི་དགོས་པ་དེ་ཡིན།