འབྲི་མེ་སེར་ཆེན།
མཐོང་རིས་

འབྲི་མེ་སེར་ཆེན་ནི་མེ་ཏོག་བྱེ་བྲག་གཅིག་གི་མིང་ཡིན་ཞིང་། བོད་ཡུལ་ཀྱི་ཁམས་དང་ཨ་མདོའི་ཕྱོགས་སུ་དབྱར་སྟོད་གྱི་སྐབས་ཧ་ཅང་མང་པོ་བསྐྱེད་ཀྱི་རེད། མེ་ཏོག་དེའི་ཁ་དོག་སེར་པོ་དང་འདབ་མ་བརྒྱད་དང་ལྡན་པ་ཡིན་པས་མཐོང་བ་ཙམ་གྱིས་ཡིད་དབང་འཕྲོག་པའི་མེ་ཏོག་རིགས་ཤིག་ཡིན། ཁམས་ནང་ཆེན་གྱི་ཡུལ་སྐད་དུ་འབི་མེ་སེར་ཆེན་འབོད་པ་ནི་འབྲི་ལས་འབི་ཟུར་དུ་ཆགས་པའི་ཚིག་གཅིག་མིན་ནམ་སྙམ།།