འབྲས་ལྗོངས་ཆགས་རབས
སྦས་ཡུལ་འབྲས་མོ་ལྗོངས་ནི་ཡོངས་གྲགས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཟངས་མདོག་དཔལ་རི་གཉིས་པ་ཞེས་བྱ་སྟེ། ཀ་དག་གུ་རུའི་ལུང་བསྟན་དང་བཅས་པའི་ཐོག་མར་ཡུལ་དེ་ལ་སྤྱན་རང་གཟིགས་ཀྱིས་བྱིན་གྱིས་རླབས་པ་དང་དེ་བཞིན་གུ་རུས་གླིང་དུ་ཆོས་སྐྱོང་བསྲུང་མ་སྡེ་དགུའི་འཛུགས་བསྐྲུན་མཛད། གུ་རུའི་ལུང་བསྟན་དང་བསྟུན་ནས་མ་འོངས་པར་རྒྱལ་ཁབ་དེའི་མི་མང་ལ་ལྟ་ལྟོག་བྱེད་པའི་ཆེད་བོད་རྒྱལ་པོའི་རྒྱུད་པ་ཕེབས་ཀྱིས་ཡོད་པ་གསུངས། ལོ་མང་པོའི་བཤུལ་དུ་རྒྱལ་པོ་ཁྲི་སོང་ལྡེའུ་བཙན་གྱིས་རྒྱུད་པ་ནས་བཟུང་མཁས་འབུམ་ས་ལ་འབྲས་ལྗོངས་བཏང་བ་རེད། ལོ་མང་པོ་དུས་རབས་ནས་དུས་རབས་རྗེས་ལ་ཁོང་གི་རྒྱུད་པ་འབྲས་ལྗོངས་སུ་སླེབས་ཡིན་ནོ། དེ་རྗེས་འབྲས་ལྗོངས་ལ་རྒྱལ་པོའི་རྒྱུད་པ་བཅུ་གསུམ་བར་དུ་གནས་ཡིན་པ་དང་ད་ལྟ་ ༡༩༧༥ ལོ་ནས་བཟུང་རྒྱ་གར་མཉམ་དུ་ཟླ་སྒྲིལ་བྱེད་ནས་ལོ་ལྔ་བཅུ་ལྔ་གཅིག་ཕྱིན་སོང་། འབྲས་ལྗོངས་ལ་ནང་ཆོས་དར་མཁན་ནི་རྣལ་འབྱོར་མཆོད་བཞི་ཡིན། གུ་རུས་གཏེར་བརྟན་རིག་འཛིན་སྲོག་སྒྲུབ་ཀྱི་གཏེར་མཛོད་བྱང་ལྷ་རི་སྙིང་པོའི་བྲག་ཕུག་ནས་ལོ་མང་པོའི་རྗེས་བོད་ནས་ཕེབས་པའི་རྒྱལ་བ་ལྷ་ཆེན་ནམ་མཁའ་འཇིགས་མེད་ཀྱིས་བཀྲ་ཤིས་སྡིངས་དགོན་པ་རུ་བཞུགས་དུས་བརྡ་སྣང་ལ་འཆར་ནས་རིག་འཛིན་སྲོག་སྒྲུབ་ཀྱི་གཏེར་བཏོན་གནང་བ་རེད། དེ་ལྟར་གདོད་མ་ནས་ད་ལྟ་བར་འོ་སྐོལ་རྣམས་ཀྱིས་ལོ་རྟག་པར་ཟླ་བ་དང་པོ་ནང་དེའི་ཚོགས་བཏང་ནས་འབྲས་ལྗོངས་ཀྱི་ཡིད་ལྷ་གཞི་བདག་ཀུན་ལ་ཚོགས་འབུལ་གྱིས་ཡོད། འབྲས་ལྗོངས། (Sikkim) ནི་རྒྱ་གར་བྱང་ཤར་དུ་ཆགས་པའི་མངའ་སྡེ་ཞིག་ཡིན། འདི་ནི་ཧི་མ་ལ་ཡ། ཧི་མ་ལ་ཡའི་ཤར་རྒྱུད་དུ་གནས་ཤིང་། བྱང་དང་བྱང་ཤར་དུ་རྒྱ་ནག་གི་བོད་རང་སྐྱོང་ལྗོངས། བོད་རང་སྐྱོང་ལྗོངས་དང་། ཤར་ཕྱོགས་སུ་འབྲུག་ཡུལ། ནུབ་ཕྱོགས་སུ་བལ་ཡུལ། ལྷོ་ཕྱོགས་སུ་རྒྱ་གར་གྱི་ནུབ་བངྒཱལ།(West Bengal) མངའ་སྡེ་བཅས་དང་ས་མཚམས་འབྲེལ་ཡོད། འབྲས་ལྗོངས་ནི་རྒྱ་གར་གྱི་མི་འབོར་ཉུང་ཤོས་དང་། རྒྱ་ཁྱོན་གཉིས་པ་ཆུང་ཤོས་ཀྱི་མངའ་སྡེ་ཡིན་ཡང་། ས་བབས་དང་ཆབ་སྲིད་ཀྱི་ཐོག་ནས་གལ་འགངས་ཧ་ཅང་ཆེན་པོ་ཆགས་ཡོད།
བྱུང་རབས། འབྲས་ལྗོངས་ཀྱི་གནའ་བོའི་ཡུལ་མི་ངོ་མ་ནི་མོན་པ། (Lepchas) རྣམས་ཡིན་པར་བརྩིའོ།། ཕྱི་ལོ་ ༡༦༤༢ ལོར་བོད་ཁམས་མི་ཉག་ནས་ཆད་པའི་རྒྱལ་རྒྱུད་ཕུན་ཚོགས་རྣམ་རྒྱལ་མཆོག་ཡུག་སྭོམ།(Yuksom) དུ་འབྲས་ལྗོངས་ཀྱི་ཆོས་རྒྱལ་དང་པོར་མངའ་གསོལ་བ་ནས་བཟུང་། རྣམ་རྒྱལ་རྒྱལ་བརྒྱུད་ཀྱིས་ལོ་ངོ་ ༣༣༣ རིང་དབང་བསྒྱུར་བྱས།
ཕྱི་ལོ་ ༡༨༦༡ ལོར་ཏུམ་ལོང་ཆིངས་ཡིག་ (Treaty of Tumlong) བཞག་པ་ནས་བཟུང་འབྲས་ལྗོངས་འདི་དབྱིན་ཇིའི་སྐྱབས་འོག་ཏུ་ཚུད་པ་དང་། ཕྱིས་སུ་ཕྱི་ལོ་ ༡༩༥༠ ལོར་རྒྱ་གར་དང་ཆིངས་ཡིག་བཞག་སྟེ་རྒྱ་གར་གྱི་སྐྱབས་འོག་མངའ་སྡེ་ (Protectorate State) ཞིག་ཏུ་གྱུར། ཕྱི་ལོ་ ༡༩༧༤ ལོར་རྒྱ་གར་གྱི་རྩ་ཁྲིམས་བཅོས་སྒྲིག་ཐེངས་ ༣༥ པ་ལྟར་ "ཟླ་སྒྲིལ་མངའ་སྡེ་" (Associate State) ཡི་གནས་བབ་སྤྲད་པ་དང་། མཐར་ཕྱི་ལོ་ ༡༩༧༥ ལོར་མི་མང་གི་འོས་བསྡུའི་ལམ་ནས་ཆོས་རྒྱལ་གྱི་ལམ་ལུགས་མཇུག་བསྒྲིལ་ཏེ། རྒྱ་གར་གྱི་མངའ་སྡེ་ ༢༢ པ་དེ་ཆགས་པ་ཡིན།
ས་ཁམས་དང་གནམ་གཤིས། འབྲས་ལྗོངས་ཀྱི་ས་བབས་ནི་ཧ་ཅང་མཐོ་དམའ་ཆེ་ཞིང་། མཐོ་ཤོས་སུ་འཛམ་གླིང་གི་རི་བོ་མཐོ་ཤོས་གསུམ་པ་གངས་ཅན་མཛོད་ལྔ། (Mount Kangchenjunga) གནས་ཡོད། ཡུལ་འདིའི་གཙང་པོ་གཙོ་བོ་ནི་བཀྲ་ཤིས་གཙང་པོ། (Teesta River) ཡིན་ཞིང་། འདི་ནི་བྱང་ཕྱོགས་ཀྱི་གངས་རི་ནས་འབབ་ཀྱི་ཡོད།
གནམ་གཤིས་ཀྱི་ཆ་ནས་ས་ཁུལ་ཁག་བཞི་རུ་དབྱེ་ཆོག་སྟེ། མཐོ་ཚད་མི་ཊར་ ༡༥༠༠ མན་གྱི་ཚ་བའི་ས་ཁུལ་ (Sub-tropical) ནས་མཐོ་ཚད་མི་ཊར་ ༥༠༠༠ ཡན་གྱི་རྟག་ཏུ་ཁ་བ་འབབ་པའི་གངས་རིའི་ས་ཁུལ་ (Glacial/Nival) བར་ཡོད།
སྐྱེ་དངོས་སྣ་མང་དང་ཁོར་ཡུག འབྲས་ལྗོངས་ཀྱི་ས་ཆའི་བརྒྱ་ཆ་ ༣༥ ཙམ་ནི་གངས་ཅན་མཛོད་ལྔ་རྒྱལ་ཁབ་སྤྱི་གླིང་། (Khangchendzonga National Park) གིས་ཟིན་ཡོད་པ་དང་། འདི་ནི་ཡུནེས་ཀོ་ (UNESCO) འཛམ་གླིང་ཤུལ་བཞག་གནས་མཆོག་ཅིག་ཡིན།
མངའ་སྡེའི་སེམས་ཅན། ཨ་ཅོག་དམར་པོ།(Red Panda)
མངའ་སྡེའི་བྱ། ཟེ་པ་དམར་པོ། (Blood Pheasant) ཾ འཛིན་སྐྱོང་དང་མི་འབོར། འབྲས་ལྗོངས་སུ་ད་ལྟ་རྫོང་ཁག་དྲུག་ཡོད་པ་ནི། སྒང་ཏོག(Gangtok) མང་གན། (Mangan)། རྣམ་རྩེ། (Namchi)། རྒྱལ་གཤིང། (Gyalshing)། སྤ་དབྱོང། (Pakyong)། སོ་རེང། (Soreng) བཅས་ཡིན།
མི་འབོར་ནི་གཙོ་བོ་མོན་པ་དང་། ལྷོ་པ། (Bhutia) བལ་པོ། བཅས་རིགས་གསུམ་གྱིས་གྲུབ་ཡོད། ལྷོ་སྐད་དང་མོན་སྐད་ནི་མངའ་སྡེའི་ཡུལ་སྐད་གཙོ་བོ་ཡིན་པ་དང་། (Sikkimese/Bhutia)
དཔལ་འབྱོར་དང་གཞི་རིམ་མཐུན་རྐྱེན། འབྲས་ལྗོངས་ནི་ཕྱི་ལོ་ ༢༠༡༦ ལོར་རྒྱ་གར་གྱི་སྐྱེ་ལྡན་མངའ་སྡེ་ (Organic State) དང་པོ་དེ་ཆགས་པ་དང་། ཡུལ་འདིར་སུག་སྨེལ། (Large Cardamom) སོགས་སྐྱེ་ལྡན་ལོ་ཏོག་གཙོ་བོར་འདེབས་ལས་བྱེད། དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་གཞན་ནི་ཡུལ་སྐོར་སྤྲོ་འཆམ། དང་གློག་ཤུགས། སྨན་རྫས་བཟོ་སྐྲུན་བཅས་ཡིན།
གཞི་རིམ་མཐུན་རྐྱེན་གྱི་ཐད་ནས་སྤ་དབྱོང་གནམ་ཐང་ (Pakyong Airport) བཟོ་སྐྲུན་བྱས་ཡོད་པ་དང་། ད་ལྟ་སི་ཝོག་ནས་རང་པོའི་བར་ (Sivok-Rangpo) མེ་འཁོར་ལྕགས་ལམ་བཟོ་བཞིན་པ་འདི་ཕྱི་ལོ་ ༢༠༢༧ ལོར་གྲུབ་རྒྱུ་ཡིན།