འབྲས་བུ་དག་པ་
འབྲས་བུ་དག་པ་ཞེས་པ་ནི་ཉན་ཐོས་ཀྱི་འབྲས་བུ་བཞི་དང་རང་རྒྱལ་གྱི་འབྲས་བུ། བྱང་ཆུབ་སེམས་དཔའི་མཐོང་ལམ་དང་སྒོམ་ལམ་སོགས་ཀྱི་འབྲས་བུ་ཐམས་ཅད་གདོད་མའི་རང་བཞིན་ཅི་མ་ཡིན་པར་རྣམ་པར་དག་པའི་དོན་ལ་གོ་དགོས།
ནང་དོན།
[རྩོམ་སྒྲིག]"དེ་ལྟར་འབྲས་བུ་བཞི་དག་དཔེ་དང་ཆོས་ཅན་གཟུགས་དག་པ་དང༌། ཐེག་ཆེན་གྱི་འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་དག་ཉེད་དག་པར་གསུངས་ལ། དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་དག་པ་དང༌། འབྲས་བུ་བཞི་དག་པ་དང་ཆོས་ཅན་གཟུགས་དག་པ་གསུམ་པོ་ལ་ཐ་དད་མེད་པའི་དཔེ། ནམ་མཁའི་ཁམས་དང་མཚུངས་ཏེ་དངོས་པོ་ལ་དབྱེར་མེད་ཅིང་བློས་ཀྱང་ཐ་དད་དུ་སྤྱད་དུ་མེད་དོ། །"[༡]"དེ་ཡང་གཟུགས་སོགས་ལ་དམིགས་པའི་དྲི་མ་རྣམ་པར་དག་པ་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུའི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པའི་སྒོ་ནས་འཇོག་པ་ཡིན་ཏེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་རང་གི་ངོ་སྐལ་གྱི་དྲི་མ་དང་བྲལ་བ་ན། དེའི་ངོ་སྐལ་གྱི་སྤང་བྱའི་དྲི་མ་བདེན་འཛིན་གྱིས་ནི་གཟུགས་སོགས་དག་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་པར་འགྱུར་བའི་ཕྱིར་རོ། །"[༢]
འབྲེལ་བ།
[རྩོམ་སྒྲིག]"དེ་ལྟར་དག་པ་མཐར་ཐུག་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དག་པ་དང་། གནས་སྐབས་ཀྱི་ལམ་སོ་སོའི་འབྲས་བུ་ཐོབ་པའི་དག་པ་དང། གཞི་གཟུགས་སོགས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་ཀྱི་དག་པ་གསུམ་པོ་འདི་ནི་སྣང་ཚུལ་ལ་ཐ་དད་དུ་བཞག་ཀྱང་། གནས་ཚུལ་ལ་ནམ་མཁའི་ཁམས་ལ་ཐ་དད་མེད་པ་དང་མཚུངས་ཏེ་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གཅིག་གི་ངོ་བོར་དབྱེར་མེད་ལ་བློས་ཀྱང་ཐ་དད་དུ་གཅད་དུ་མེད་དེ།"[༣]"འབྲས་བུ་གཟུགས་དག་ཐམས་ཅད་མཁྱེན་པ་ཉིད་དག་པར་གསུངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ལྕོགས་མེད་པ་ནས་བརྩམས་ཏེ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ནི་བསྒོམ་པའི་ལམ་ཏེ།"[༤] ཞེས་གསུངས་སོ། །