Jump to content

འབྱོར་པ་

ཡོང་ཁུངས་Wikipedia

འབྱོར་པ་ཞེས་པ་ནི་བོད་ཀྱི་ནང་པའི་གཞུང་ལུགས་ཁྲོད་གལ་ཆེན་པོའི་ཐ་སྙད་གཅིག་ཡིན་ཏེ། ཁྱད་པར་དུ་དལ་འབྱོར་གྱི་སྐོར་གླེང་སྐབས་འབྱོར་པའི་དོན་ལ་གོ་རྟོགས་ཡོང་བ་ནི་ཤིན་ཏུ་གལ་ཆེན་པོ་ཡིན།

འབྱོར་པའི་སྒྲ་དོན་དང་ངོ་བོ།

[རྩོམ་སྒྲིག]

སྒྲ་བཤད། འབྱོར་པ་ཞེས་པ་ནི་ཆོས་སྤྱོད་ལ་འཇུག་པའི་མཐུན་རྐྱེན་ཚང་བ་ལ་གོ་དགོས། "རང་འབྱོར་ལྔ་གཞན་འབྱོར་ལྔ་དང་བཅས་པའི་འབྱོར་བ་བཅུ་སྟེ་ཆོས་བཅོ་བརྒྱད་དང་ལྡན་པའི་ལུས་རྟེན་རིན་པོ་ཆེ་ལྟ་བུ་འདི་ནི་རྒྱུ་འབྲས་དཔེ་གྲངས་གང་གི་སྒོ་ནས་བརྟགས་ནའང་རྙེད་པར་ཤིན་ཏུ་དཀའ་"[]ཞེས་གསུངས་པ་ལྟར། འབྱོར་པ་བཅུ་ནི་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་སྟེ

ངོ་བོ། འབྱོར་པའི་ངོ་བོ་ནི་ཆོས་སྒྲུབ་པ་ལ་དགོས་ངེས་ཀྱི་རྐྱེན་ཚང་བ་སྟེ། "འཕགས་པའི་རྟོགས་པ་དང་མཐུན་པར་གདམས་ངག་བསྟན་ནས་ཆོས་།གནས་པ་ལ་རྗེས་སུ་འཇུག་པ་ཡོད་པ་"[]སྒྲུབ་པའི་རྐྱེན་ཚང་བ་ལ་བཤད།

འབྱོར་པའི་དབྱེ་བ།

[རྩོམ་སྒྲིག]

རང་འབྱོར་དང་གཞན་འབྱོར། འབྱོར་པ་ལ་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་སྟེ་བཅུ་ཡོད། "ཕོ་མོ་གང་རུང་གི་དབང་པོ་དང་ལྡན་པའི་མི་ཉིད་དང་། ཡུལ་དབུས་སུ་སྐྱེས་པ་དང་། མིག་ལ་སོགས་པའི་དབང་པོ་ཚང་བ་དང་། མཚམས་མེད་པ་ལྔ་སྤངས་པས་ལས་ཀྱི་མཐའ་མ་ལོག་པ་དང་། དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་དད་པས་ན་གནས་ལ་དད་པ་སྟེ་རང་འབྱོར་ལྔ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དེས་ཆོས་གསུངས་པ་དང་། བདེན་པ་མཐོང་བའི་གང་ཟག་ཡོད་པས་བསྟན་པ་གནས་པ་དང་།"[] ཞེས་གསུངས།

འབྱོར་པའི་ཁྱད་པར། "དད་དང་མི་ལུས་སོགས་རང་ཆ་འབྱོར་ལྔ་དང་ལྡན་པ་དགེ་བ་གོམས་པར་བྱར་ཡོད་པའི་རྟེན་འདི་ལྟ་བུ་ནི་ཕྱིས་འཐོབ་པར་དཀའ་བས་འདི་ལྟ་བུ་དོན་ཆུང་ངུར་འཛད་དུ་འཕངས་སོ། །"[]ཞེས་གསུངས།

འབྱོར་པའི་དགོས་པ།

[རྩོམ་སྒྲིག]

བྱང་ཆུབ་སྒྲུབ་པའི་རྟེན། "གལ་ཏེ་རྟེན་ཕུན་སུམ་ཚོགས་པ་ཐོབ་པའི་དུས་སམ་གནས་སྐབས་འདི་ལ་རང་གཞན་ཐམས་ཅད་ལ་འཕྲལ་ཡུན་ཀུན་ཏུ་ཕན་པའི་རྒྱུ་མཐོ་རིས་དང་ཐར་པ་ཐོབ་བྱེད་ཀྱི་དགེ་བ་རྣམ་པར་དག་པ་མ་བསྒྲུབས་པར་ཆུད་ཟོས་སུ་བཏང་ན། ཕྱིས་སམ་སླར་སྐྱེ་བ་གཞན་དུ་འདི་ལྟ་བུའི་རྟེན་ཕུན་སུམ་ཚོགས་པ་ཡང་དག་པར་འབྱོར་པར་ག་ལ་འགྱུར་"[]ཞེས་གསུངས།

འབྱོར་པའི་རྐྱེན་ངན་ལེན་ཚུལ། "ཁྱོད་ཉིད་ཀྱིས་ནི་ཟས་གོས་སོགས་སྦྱིན་པར་བྱ་དགོས་པ་དེ་ལ་ཁྱོད་ཀྱིས་སྦྱིན་མ་དགོས་པར་གཉེན་རང་རང་རྣམས་ཀྱིས་ཟས་གོས་སོགས་འཚོ་བ་རྙེད་པར་གྱུར་ན་དགར་ཏེ་དགའ་བར་མི་འགྱུར་བར་སླར་ཁྲོའམ་སྟེ་ཁྲོ་བ་ནི་ཤིན་ཏུ་མི་རིགས་པ་ཞིག་ཡིན་པ་བཞིན་ནོ། །"[]ཞེས་གསུངས།

འབྱོར་པ་བརྟག་པའི་དགོས་པ། "དང་པོར་སྟེ་སྔ་མ་ཉིད་དུ་མངོན་པར་འདོད་པའི་དོན་བསྒྲུབ་པའི་ཆེད་དུ་འབྱོར་པ་སྟེ་རྒྱུ་མཐའ་དག་གོ །བརྟགས་ལ་དེའི་སྟོབས་དང་ལྡན་པ་དང་སྟོབས་དང་མི་ལྡན་པ་རྣམ་པར་དཔྱད་ནས་སྟོབས་དང་ལྡན་ན་བརྩམས་པའམ། སྟོབས་དང་མི་ལྡན་ན་བརྩམ་པར་མི་བྱའོ། །"[]ཞེས་གསུངས།

བསྡུས་དོན།

[རྩོམ་སྒྲིག]

འབྱོར་པ་ཞེས་པ་ནི་བྱང་ཆུབ་ཀྱི་ལམ་ལ་སློབ་པའི་མཐུན་རྐྱེན་ཚང་བ་ལ་གོ་དགོས་ཤིང་། དེ་ལ་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་སྟེ་བཅུ་ཡོད། འབྱོར་པ་དེ་དག་ནི་རྙེད་པར་དཀའ་ཞིང་དོན་ཆེན་པོ་ཡིན་པས་ཆུད་ཟོས་སུ་མི་གཏོང་བར་དགེ་བའི་ལས་ལ་འབད་དགོས་པ་དང་། གཞན་གྱི་འབྱོར་པ་ལ་ཕྲག་དོག་མི་བྱ་བར་དགའ་བར་བྱ་དགོས་པའི་གནད་འདུས་པ་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༣༡
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༨
  3. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༨
  4. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༣༣༦-༣༣༧
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༣༧
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༣༤༠
  7. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༢༠༨