Jump to content

འབྱེད་སྡུད་སོགས་བཤད་པ་

ཡོང་ཁུངས་Wikipedia

རྗེས་འཇུག་ཡི་གེ་བཅུ་བོ་ལ་མ་ཡིག་སྦྱར་བས། གམ། ངམ། དམ། ནམ། བམ། མམ། འམ། རམ། ལམ། སམ། བཅུས་དང་། ད་དྲག་གི་དབང་གིས་ཐོབ་པ་ཏམ་དང་བཅུ་གཅིག་འབྱེད་སྡུད་གཉིས་ལ་འཇུག་ཅིང་། མིང་མཐའ་གང་ལ་འབྱུང་བ་ནི། འབྱེད་སྡུད་སྐབས་སུ་རྗེས་འཇུག་བཅུར། རང་འདྲར་མ་ཡིག་སྦྱར་བ་དང་། ད་དྲག་ཐོབ་མཐར་ཏ་དང་སྦྱར། ཞེས་པ་ལྟར། རྗེས་འཇུག་བཅུ་བོའི་མཐར་རང་འདྲར་མ་ཡིག་ཐོབ་པ་དང་། མཐའ་མེད་མཐར་འ་ཡིག་ལ་མ་ཡིག་སྦྱོར་ཞིང་། ད་དྲག་མཐར་ཏ་ཡིག་ལ་མ་ཡིག་སྦྱར་བར་བྱ་ལ། དབྱེ་གཞི་གཅིག་ལས་རྣམ་གྲངས་དུ་མར་འབྱེད་པ། བརྟག་པ་དང་འདྲི་བའི་སྒོ་ནས་རྣམ་གྲངས་གཞན་དང་འབྱེད་པ། གདམ་ངའི་སྒོ་ནས་རྣམ་གྲངས་གཞན་དང་འབྱེད་པ་སྟེ་གསུམ་མོ། དང་པོོ་ནི་དཔེར་ན། ཕུང་བོ་ནི་ལྔ་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའོ། ལྟ་བུ་དང་། དབང་བོ་ལྔ་སྟེ། མིག་གམ། རྣ་བའམ། སྣའམ། ལྕེའམ། ལུས་སོ། ལྟ་བུ། གཉིས་པ་ནི། ནད་ལས་ཐར་རམ་མི་ཐར། ཤེས་རབ་ཆེའམ་མི་ཆེ་ལྟ་བུ། གསུམ་པ་ནི། གསེར་ལེན་ནམ་དངུལ་ལེན། ཟས་དགོས་སམ་གོས་དགོས། ལྟ་བུ། སྡུད་པ་ལ་ཡང་གསུམ་ཡོད་དེ། ཕྱོགས་གཅིག་ཏུ་སྡུད་པ། སྔ་མར་སྦྱར་བའི་ཆོས་ཕྱི་མར་སྦྱར་བ་སྡུད་པ། ཕྱི་མར་སྦྱར་བའི་ཆོས་སྔ་མར་སྦྱོར་བ་སྡུད་པའོ། དང་བོ་ནི། གསེར་རམ། དངུལ་ལམ། ཟངས་སམ། ལྕགས་ནི་རིན་པོ་ཆེའོ། ལྟ་བུ། གཉིས་པ་ནི། མུ་ཏིག་ནི་རིན་ཐང་ཆེ་སྟེ། མུ་མིན་ནམ། བྱུ་རུ་ཡང་ངོ་། ལྟ་བུ། གསུམ་པ་ནི། མུ་ཏིག་གམ། མུ་མིན་ནམ། བྱུ་རུ་ཡང་རིན་ཐང་ཆེའོ། ལྟ་བུ། ད་དྲག་གི་དབང་གིས་ཐོབ་པ། འཛིནད་ཏམ། ཕྱིནད་ཏམ། གྱུརད་ཏམ། བསྩལད་ཏམ། ལྟ་བུའོ།