Jump to content

འབྱུང་བ་ཆེན་པོ་

ཡོང་ཁུངས་Wikipedia

འབྱུང་བ་ཆེན་པོ་ཞེས་པ་ནི་ས་ཆུ་མེ་རླུང་གི་འབྱུང་བ་བཞི་པོ་ལ་གོ་བ་སྟེ། དེ་དག་གི་རྣམ་པ་ཁྱབ་པ་རྒྱ་ཆེ་ཞིང་གནས་པ་ལྟོས་ཆེ་བས་ན་ཆེན་པོ་ཞེས་བྱ། འདི་དག་ནི་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚོའི་གཞི་རུ་གྱུར་པ་ཞིག་ཡིན་ནོ། །

སྒྲ་བཤད།

[རྩོམ་སྒྲིག]

འབྱུང་བ་ཆེན་པོ་ཞེས་པ་ནི་ས་ཆུ་མེ་རླུང་གི་འབྱུང་བ་བཞི་པོ་ལ་གོ། འབྱུང་བ་ཞེས་པ་ནི་ཕྱི་ནང་གི་དངོས་པོ་ཐམས་ཅད་འདི་དག་ལས་འབྱུང་ཞིང་འབྱུང་བའི་རྒྱུར་གྱུར་པའི་ཕྱིར་རོ། །ཆེན་པོ་ཞེས་པ་ནི་གནས་པ་ལྟོས་ཆེ་ཞིང་ཁྱབ་པ་རྒྱ་ཆེ་བའི་ཕྱིར་ཏེ། སས་རྟེན་དང་ཆུས་སྡུད་པ་དང་མེས་སྨིན་པ་དང་རླུང་གིས་མི་རུལ་བར་བྱེད་པ་ལ་སོགས་པ་དང་། ནམ་མཁའ་ཡིས་ཐམས་ཅད་ཁྱབ་ཅིང་གོ་འབྱེད་པའི་ཕྱིར་རོ། །

གནས་ཚུལ་སྤྱིར་བཏང་།

[རྩོམ་སྒྲིག]

འབྱུང་བ་ཆེན་པོ་བཞི་ནི་དངོས་པོ་ཀུན་གྱི་རྩ་བ་ཡིན་ཏེ། "ས་སྩོགས་ཞེས་བྱ་བ་ལ་ས་ནི་ནོར་འཛིན་ནོ། །སྩོགས་པའི་སྒྲས་ཆུ་དང་མེ་དང་། རླུང་བཟུང་སྟེ། འབྱུང་བ་ཆེན་པོ་བཞི་པོ་དག་གོ། །དེ་དག་ཀྱང་ཇི་ལྟར་མལ་ཆ་དང་། སྟན་དང་། འབྲུ་དང་། སྨན་དང་། མེ་ཏོག་དང་། འབྲས་བུ་དང་། རྩ་བ་ལ་སོགས་པའི་རྟེན་ཉིད་དང་། དེ་བཞིན་དུ་བཏུང་བ་དང་ཞུགས་པ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །"[] ཞེས་གསུངས་པ་ལྟར། འབྱུང་བ་ཆེན་པོ་རྣམས་ནི་ལུས་ཅན་ཐམས་ཅད་ཀྱི་རྟེན་དང་ཉེར་འཚོའི་རྒྱུར་གྱུར་པ་ཡིན་ནོ། །

བྱེད་ལས་ཀྱི་སྒོ་ནས།

[རྩོམ་སྒྲིག]

སེམས་ཅན་གྱི་ཞབས་ཏོག་ལ་སྨོན་པའི་སྐབས་སུ། "ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་དང་ནམ་མཁའ་རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚེའི་གཞི་ཡིན་པ་བཞིན་དུ་སེམས་ཅན་དཔག་ཏུ་མེད་པས་རྣམ་པ་མང་པོའི་སྒོ་ནས་ཉེ་བར་འཚོ་བའི་གཞིར་ཡང་ཤོག་"[]ཅེས་གསུངས་པ་ལྟར། འབྱུང་བ་ཆེན་པོ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་འཚོ་བའི་གཞི་ཡིན་པར་གསུངས་ཤིང་།

"ས་སོགས་འབྱུང་བ་ཆེན་པོ་བཞིས་སེམས་ཅན་རྣམས་ཀྱི་བྱ་བ་བྱེད་པ་དང༌། ནམ་མཁའ་བཞིན་དུ་དུས་རྟག་པར་ཡང་སེམས་ཅན་དཔག་ཏུ་མེད་པའི་རྣམ་པ་མང་པོའི་སྒོ་ནས་ཉེར་འཚོའི་རྒྱུར་ཡང་འགྱུར་བར་ཤོག་ཅིག་པའོ། །"[]ཞེས་གསུངས་པ་ལྟར་འབྱུང་བ་ཆེན་པོ་རྣམས་ཀྱིས་སེམས་ཅན་གྱི་བྱ་བ་ལ་སོགས་པ་སྤེལ་བར་བྱེད་པར་བསྟན་ནོ། །

གཞུང་ལུང་དང་འབྲེལ་བ།

[རྩོམ་སྒྲིག]

"བྱང་ཆུབ་སེམས་དཔའ་འབྱུང་བ་ལྔ་ལྟར་སེམས་ཅན་གྱི་དོན་བྱེད་པར་གསུངས་པ་"[]ཞེས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་སྒྲུབ་པའི་ཚུལ་འབྱུང་བ་ལྔ་དང་མཚུངས་པར་གསུངས་ཤིང་། དེ་ནི་འབྱུང་བ་ཆེན་པོ་བཞི་དང་ནམ་མཁའ་ལྔ་པོ་ལ་གོ་བར་རིག་པར་བྱའོ། །

སྦྱིན་པ་སྒྲུབ་པའི་ཚུལ།

[རྩོམ་སྒྲིག]

"ནམ་མཁའ་ཡིས་ཐམས་ཅད་ཁྱབ་ཅིང་གོ་འབྱེད་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚོ་བྱེད་པ་དེ་བཞི༷ན་དུ་བདག་ཉིད་ཀྱང་དུས་རྟག་པར་ཡང་སེམས་ཅན་གྲངས་དཔག་ཏུ་མེད་པ་ཡི་རྟེན་སྡུད་སྨིན་གཡོ་གོ་འབྱེད་པ་དང་ཟས་གོས་ནོར་ལོངས་སྤྱོད་ལ་སོགས་པ་རྣམ་པ་མང་པོའི་ཉེར་འཚོའི་སྟེ་ཉེར་བར་འཚོ་བ་ཇི་སྙེད་པའི་རྒྱུའམ་གཞིར་ཡང་ཤོག་ཅིག་"[]ཅེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ལ་སྦྱིན་པ་སྒྲུབ་པའི་ཚུལ་འབྱུང་བ་ཆེན་པོ་རྣམས་ཀྱི་བྱེད་ལས་དང་འདྲ་བར་མཛད་དོ། །

མདོར་བསྡུས།

[རྩོམ་སྒྲིག]

འབྱུང་བ་ཆེན་པོ་ཞེས་པ་ནི་ས་ཆུ་མེ་རླུང་གི་འབྱུང་བ་བཞི་པོ་སྟེ། དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚོ་དང་རྟེན་གཞིར་གྱུར་ཅིང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སེམས་ཅན་གྱི་དོན་སྒྲུབ་པར་དེ་དག་དང་མཚུངས་པའི་ཕྲིན་ལས་མཛད་པར་བསྟན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  4. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།