Jump to content

འབྱུང་པོའི་གདོན་

ཡོང་ཁུངས་Wikipedia

འབྱུང་པོའི་གདོན་ཞེས་པ་ནི་མིའི་ལུས་སེམས་ལ་གནོད་པ་སྐྱེལ་བའི་མི་མངོན་པའི་འབྱུང་པོ་དང་གདོན་གྱི་རིགས་ལ་གོ་དགོས།

མཚན་ཉིད།

[རྩོམ་སྒྲིག]

མི་མངོན་པའི་གཟུགས་ཅན་གྱི་སེམས་ཅན་གྱིས་མིའི་ལུས་སེམས་ལ་གནོད་པ་སྐྱེལ་བའི་ནུས་པ་དང་ལྡན་པ་ཞིག་ལ་གོ་དགོས།

སྒྲ་བཤད།

[རྩོམ་སྒྲིག]

འབྱུང་པོ་ཞེས་པ་ནི་སྔར་མེད་གསར་དུ་བྱུང་བའམ་འབྱུང་བཞིའི་རང་བཞིན་ལས་གྲུབ་པའི་སེམས་ཅན། གདོན་ཞེས་པ་ནི་གནོད་པ་སྐྱེལ་བའི་དོན་ཏེ། དེ་གཉིས་ཀ་ལྡན་གྱི་མིང་དུ་འབྱུང་པོའི་གདོན་ཞེས་བརྗོད།

གནོད་པའི་རྣམ་པ།

[རྩོམ་སྒྲིག]

"མིའི་འཇིག་རྟེན་འགའ་ཞིག་ལ་ལྷ་དང་ཀླུ་དང་འབྱུང་པོའི་གདོན་ལ་སོགས་པ་རིམས་ནད་མང་བའི་མིའམ་འགྲོ་མལ།"[] ཞེས་གསུངས་སོ། །"མིའི་འཇིག་རྟེན་འབྱུང་པོའི་གདོན་དང་ནད་མང་བ།"[] ཞེས་གསུངས་པ་ལྟར་རོ། །

སེལ་ཐབས།

[རྩོམ་སྒྲིག]

འབྱུང་པོའི་གདོན་སེལ་བའི་ཐབས་སུ་བདེན་པའི་བྱིན་རླབས་བརྗོད་པ་གསུངས་ཏེ། "བྱང་ཆུབ་སེམས་དཔའ་དེ་ཕན་པ་དང་སྙིང་བརྩེ་བ་དང་ལྡན་པས་བདེན་པའི་བྱིན་བརླབས་བརྗོད་པས་དེ་དག་རབ་ཏུ་ཞི་བ་ལ།"[] ཞེས་གསུངས། "འགྲོ་བ་རྗེས་སུ་གཟུང་བའི་བློས་ཕན་དང་སྙིང་བརྩེར་ལྡན་པས་འབྱུང་པོས་ཟིན་པ་བསལ་ནས་"[]ཞེས་གསུངས་པ་ལྟར། སྙིང་རྗེ་དང་བདེན་པའི་བྱིན་རླབས་ཀྱིས་འབྱུང་པོའི་གདོན་སེལ་ཐུབ་པར་བཤད།

ལུང་ཁུངས།

[རྩོམ་སྒྲིག]
  1. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་༩༥
  2. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༡༠༩
  3. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ཤོག་ངོས་༩༥
  4. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤོག་ངོས་༡༡༠